- pa Ta na
- ID:
- T235664
- པ་ཊ་ན (Tibetan, Tibetan script, Original)
- > pa Ta na (Tibetan, Latin script, Transliteration-THL Extended Wylie Transliteration)
- > pa ta na (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྒྱ་གར་གྱི་གནས་ཞིག་གི་མིང་སྟེ་སྔོན་གྲོང་ཁྱེར་པ་ཊ་ལི་པུ་ཏྲ་ཞེས་ཟེར་ཞིང་བོད་སྐད་དུ་སྐྱ་ནར་བུའི་གྲོང་ཁྱེར་བྱ་བ་དེ་ཡིན་ཅིང་། མཁས་དབང་དགེ་ཆོས་རིན་པོ་ཆེའི་གསུང་ལས། ཤི་ལི་གུ་རི་ནས་རྡོ་རྗེ་གདན་དུ་འོངས་པའི་ལམ་དུ་གངྒ་བརྒལ་མ་ཐག་པ་ཌ་ན་ལ་སླེབས། དེ་ནི་ཆོས་རྒྱལ་(ཨ་ཤྭ་ཀ)མྱ་ངན་མེས་ཅེས་བྱ་བ་འཛམ་བུ་གླིང་དུ་མཆོད་རྟེན་བྱེ་བ་བཞེངས་མཁན་དེའི་རྒྱལ་ས་ཡིན། རྒྱལ་པོ་མྱ་ངན་མེད་ཀྱི་ཕོ་བྲང་གི་ཤུལ་དང་གཞན་ཡང་གྲོང་ཁྱེར་གྱི་མུ་ཟིམ་ཁང་གི་ནང་དུ་སྔོན་གྱི་སྐུ་བརྙན་ངོ་མཚར་ཅན་མང་པོ་དང། མྱ་ངན་མེད་ཀྱི་བཙུན་མོའི་འདྲ་བརྙན་ཡིན་ནམ་ཟེར་བའི་རྡོ་སྐུ་ཤེལ་ལྟར་འཚེར་བ་ཞིག་ཀྱང་ཡོད།
- language:
- Tibetan
2. Thupten Phuntsok Dictionary
རྒྱ་གར་གྱི་གནས་ཞིག་གི་མིང་སྟེ་སྔོན་གྲོང་ཁྱེར་པ་ཊ་ལོ་པུ་ཏྲ་ཞེས་ཟེར་ཞིང་བོད་སྐད་དུ་སྐྱ་ནོར་བུའི་གྲོང་ཁྱེར་བྱ་བ་དེ་ཡིན་ཅིང་། མཁས་དབང་དགེ་ཆོས་རིན་པོ་ཆེའི་གསུང་ལས། ཤི་ལི་གུ་རི་ནས་རྡོ་རྗེ་གདན་དུ་འོངས་པའི་ལམ་དུ་གངྒཱ་བརྒལ་མ་ཐག་པ་ཌ་ན་ལ་སླེབས། དེ་ནི་ཆོས་རྒྱལ་ (ཨ་ཤྭ་ཀ) མྱ་ངན་མེད་ཅེས་བྱ་བ་འཛམ་བུ་གླིང་དུ་མཆོད་རྟེན་བྱེ་བ་བཞེངས་མཁན་དེའི་རྒྱལ་ས་ཡིན། རྒྱལ་པོ་མྱ་ངན་མེད་ཀྱི་ཕོ་བྲང་གི་ཤུལ་དང་གཞན་ཡང་གྲོང་ཁྱེར་གྱི་མུ་ཟིམ་ཁང་གི་ནང་དུ་སྔོན་གྱི་སྐུ་བརྙན་ངོ་མཚར་ཅན་མང་པོ་དང་། མྱ་ངན་མེད་ཀྱི་བཙུན་མོའི་འདྲ་བརྙན་ཡིན་ཟེར་བའི་རྡོ་སྐུ་ཤེལ་ལྟར་འཚེར་བ་ཞིག་ཀྱང་ཡོད།
- language:
- Tibetan