Skip to main content Skip to search
pa pi sung ri mo'i grub mtha'
ID:
T235669
  • པ་པི་སུང་རི་མོའི་གྲུབ་མཐའ (Tibetan, Tibetan script, Original)
    • > pa pi sung ri mo'i grub mtha' (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pa pi sung rimö drubta (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མིང་གཞན་ལ་ལོ་དམར་ཟིལ་དཀར་གྱི་རི་མོའི་གྲུབ་མཐའ་ཡང་ཟེར། དེ་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ནང་བྱུང་བའི་ཧྥ་རན་སིའི་རི་མོ་གྲུབ་མཐའ་ཞིག་ཡིན། པ་པི་སུང་ཞེས་པ་ནི་ཧྥ་རན་སིའི་རྒྱལ་ས་པ་རིའི་ཉེ་འདབས་ཀྱི་ལོ་དམར་ཟིལ་དཀར་ནགས་གསེབ་ཀྱི་ནུབ་ངོས་སུ་ཆགས་པའི་གྲོང་ཚོ་ཞིག་གི་མིང་ཡིན། སྤྱི་ལོ་ (༡༨༤༧) ལོར་རི་མོ་པས་པ་ལུའུ་ཅུན་སོགས་ས་གནས་དེར་ཡོང་སྟེ་གནས་སྡོད་བྱས། ཁོ་ཚོས་ཡུལ་ལྗོངས་དངོས་ལ་དཔེ་བགྱིས་ནས་གསོན་བྲིས་བྱེད་རྒྱུ་གཙོ་བོ་བྱེད་པ་དང་། ནགས་ཚལ་དང་། ཤིང་གི་གྲུབ་ཆ། ས་རིམ་བར་སྟོང་། མཁའ་རླུང་སོགས་ལ་ཞིབ་འཇུག་དང་འབྲེལ་རི་མོ་མཁན་རང་ཉིད་ཀྱི་གཤིས་ཀ་མཚོན་ཐབས་དང་རང་ཉིད་ཀྱི་སྒྱུ་རྩལ་རྣམ་པ་དེ་མཐའ་འཁྱོངས་བྱེད་རྒྱུ་གཙོར་བཟུང་བྱས་སྟབས། རྗེས་སུ་རིམ་བཞིན་ཞིང་པའི་འཚོ་བ་དང་ཞིང་ཁུལ་གྱི་ཡུལ་ལྗོངས་བཀོད་པ་འབྲི་མཁན་གྱི་ཞིང་སྡེའི་རི་མོ་མཁས་པ་མང་པོ་ཞིག་སྔ་རྗེས་སུ་ཐོན་ཡོད།

language:
Tibetan