Skip to main content Skip to search
pa lo khe sgyu rtsal
ID:
T235684
  • པ་ལོ་ཁེ་སྒྱུ་རྩལ (Tibetan, Tibetan script, Original)
    • > pa lo khe sgyu rtsal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pa lo khé gyutsal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

སྤྱི་ལོའི་དུས་རབས་བཅུ་དྲུག་གི་དུས་མཇུག་ནས་དུས་རབས་བཅོ་བརྒྱད་པའི་དུས་འགོའི་ནང་དུ་ཐོན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན། དེ་ནི་རོ་མ་ནས་ཡོ་རོབ་བྱང་མར་དར་བ་ཞིག་ཡིན། པ་ལོ་ཁེ་ནི་འཁྱོག་པོའི་མུ་ཏིག་ཅེས་པའི་དོན་ཡིན། དེ་ནི་རིག་རྩལ་བསྐྱར་དར་སྐབས་ཀྱི་སྒྱུ་རྩལ་དྲང་ཞིང་བབས་ཆགས་པའི་རང་བཞིན་ལས་ལྡོག་སྟེ། རྣམ་པ་གཞན་ཞིག་ཐོན་ཡོད། དཔེར་ན་རི་མོའི་ཐོག་གི་ཁྱད་ཆོས་ནི་ཚོན་མདངས་ཧར་ལ་བཀྲག་མདངས་ཆེ་བ། བཅད་རིས་འཁྱོག་ཅན་འགྱུར་ལྡོག་མང་བ། ཨར་སྐྲུན་ཐོག་གི་ཁྱད་ཆོས་ནི་འཁྲུག་ཆ་དོད་ལ་མཉེན་ཆ་དོད་པའི་མཚོ་འཁོར་ལྟ་བུའི་འཁྱོག་བཅད་ཀྱི་རྣམ་པ་བཏོན་ཡོད། དེའི་ཚབ་བྱེད་མི་སྣ་ནི་པའེ་ཉི་ཉི་དང་། པོ་རོ་མེ་ཉི། ཁའོ་ཨེར་ཏོ་ན། ལུའུ་པེན་སོགས་ཡིན།

language:
Tibetan