- pany+tsa pha lA'i sman mar
- ID:
- T235696
- པཉྩ་ཕ་ལཱའི་སྨན་མར (Tibetan, Tibetan script, Original)
- > pany+tsa pha lA'i sman mar (Tibetan, Latin script, Transliteration-THL Extended Wylie Transliteration)
- > pentsa pa lé men mar (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
པཉྩ་ཕ་ལ་ནི་ལེགས་སྦྱར་གྱི་སྐད་དེ། ཕ་ལ་བཟང་པོའི་སྐད་དོད་ཡིན་པས་འདིར་བཟང་པོ་ལྔའི་སྨན་མར་ལ་ཟེར་ཏེ། ཕྱི་མ་འཕྲིན་ལས་རྒྱུད་ལས། སེ་འབྲུ་འུ་སུ་དོང་གྲ་ཙི་ཏྲ་ཀ། པི་པི་ལིང་གི་མར་ལ་བུ་རམ་སྦྱར། བཟང་པོ་ལྔ་ཡི་སྨན་མར་བད་རླུང་རྒྱས། སྐྱ་རྦབ་གཞང་འབྲུམ་མཆེར་ནད་དབུགས་མི་བདེ། མེ་དྲོད་སྐྱེད་ཅིང་ལུས་ཤ་རྒྱས་པར་བྱེད། བུད་མེད་བུ་མེད་ལ་ཡང་བུ་རྙེད་འགྱུར། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan