- paN chen sku phreng dgu pa blo bzang thub bstan chos kyi nyi ma
- ID:
- T235698
- པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ (Tibetan, Tibetan script, Original)
- > paN chen sku phreng dgu pa blo bzang thub bstan chos kyi nyi ma (Tibetan, Latin script, Transliteration-THL Extended Wylie Transliteration)
- > penchen ku treng gupa lo zang tubten chö kyi nyima (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དྭགསས་པོ་ཀ་ཤར་ཡུལ་དུ་ཡབ་རྟ་མགྲིན་དང་ཡུམ་དམ་ཆོས་མཚོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་ལུག (༡༨༨༣) ལོའི་བོད་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་སྐུ་བལྟམས། ལྷ་ལྡན་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་གསེར་བུམ་དཀྲུགས་ཏེ་པཎ་ཆེན་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་དུ་ངོས་འཛིན་ཞུས། ས་བྱི (༡༨༨༨) ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་དབུ་སྐྲ་གཙུག་ཕུད་བཞེས་པ་དང་འབྲེལ་རྗེ་བཙུན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་ཞེས་པའི་མཚན་གསོལ། ༡༩༠༤ལོར་དབྱིན་ཇིའི་གདན་ཞུས་ལྟར་རྒྱ་གར་དུ་ཕེབས། ༡༩༡༤ལོར་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་འཛམ་གླིང་དུ་མཐོ་ཤོས་སུ་གྲགས་པ་དེ་བཞེངས། ༡༩༡༣ལོར་བླ་བྲང་དང་སྡེ་པ་གཞུང་བར་གྱི་འགལ་ཟླའི་རྐྱེན་པས་མདོ་སྨད་དང་སོག་ཡུལ་དུ་ཕེབས། མེ་གླང་ (༡༩༣༧) ལོར་སྐྱེ་དགུ་མའི་སྐྱེ་དརྒུ་དགོན་རྒྱ་ནག་བླ་བྲང་དུ་སྐུ་གཤེགས།
- language:
- Tibetan