Skip to main content Skip to search
paN chen sku phreng bdun pa bstan pa'i nyi ma
ID:
T235705
  • པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ (Tibetan, Tibetan script, Original)
    • > paN chen sku phreng bdun pa bstan pa'i nyi ma (Tibetan, Latin script, Transliteration-THL Extended Wylie Transliteration)
    • > penchen ku treng dünpa tenpé nyima (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གཙང་ཉང་སྨད་པ་སྣམ་སྐྱིད་གཤོངས་སུ་ཡབ་དཔལ་ལྡན་དོན་གྲུབ་དང་ཡུམ་འཆི་མེད་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་སྟག (༡༧༨༢) ལོའི་བོད་ཟླ་བཞི་པའི་ཚེས་བརྒྱད་ཉིན་སྐུ་བལྟམས། ལོ་དེར་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཆོག་ནས་པཎ་ཆེན་སྐུ་གོང་མ་དཔལ་ལྡན་ཡེ་ཤེས་ཀྱི་སྤྲུལ་སྐུ་སྟེ་པཎ་ཆེན་སྐུ་ཕྲེང་བདུན་པར་ངོས་འཛིན་མཛད། ལོ་མཇུག་ཏུ་ཡང་སྲིད་རིན་པོ་ཆེ་པ་སྣམ་ཐར་པ་དགོན་དུ་གདན་དྲངས། ཤིང་སྦྲུལ་ (༡༧༨༥) ལོར་རྒྱལ་དབང་མཆོག་ནས་དབུ་སྐྱེས་གཙུག་ཕུད་བཞེས་ཏེ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་ཞེས་པའི་མཚན་གསོལ། དགུང་ལོ་ཉེར་ལྔའི་ཐོག་རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་ངོས་འཛིན་ཞུས། རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཕུལ། ༡༨༤༡ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་ངོས་འཛིན་ཞུས། སྲིད་སྐྱོང་གི་ཐུགས་འགན་བཞེས། དགུང་ལོ་བདུན་ཅུ་དོན་གཉིས་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ཆུ་གླང (༡༨༥༣) ལོའི་བོད་ཟླ་དང་པོའི་ཚེས་བརྒྱད་ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས། སྐུ་གདུང་རིལ་པོའི་མཆོད་སྡོང་བཀྲ་ཤིས་ལྷུན་པོར་རབ་བྱུང་བཅུ་དྲུག་པའི་མེ་རྟ་ལོ་བར་བཞུགས།

language:
Tibetan