Skip to main content Skip to search
paN chen shAkya mchog ldan
ID:
T235714
  • པཎ་ཆེན་ཤཱཀྱ་མཆོག་ལྡན (Tibetan, Tibetan script, Original)
    • > paN chen shAkya mchog ldan (Tibetan, Latin script, Transliteration-THL Extended Wylie Transliteration)
    • > penchen shakya chokden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

ས་སྐྱའི་བླ་མ་འདི་ཉིད་རབ་བྱུང་བདུན་པའི་ས་སྤྲེལ(༡༤༢༨)ལོར་གསང་ཕུའི་བར་ཚིགས་ཞེས་པར་སྐུ་འཁྲུངས། དགུང་ལོ་བརྒྱད་པ་ལ་སྐྱོར་མི་ལུང་དུ་རོང་སྟོན་ཆེན་པོ་ལས་རབ་ཏུ་བྱུང་། མཚན་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་ཞེས་གསོལ། དགུང་ལོ་ཉེར་གཅིག་གི་བར་རོང་སྟོན་ཆེན་པོའི་ཞབས་ལ་གཏུགས་ནས་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་སོགས་ཟབ་ཆོས་མང་དུ་གསན། དགུང་ལོ་ཉེར་ལྔ་པ་ལ་ངོར་དགོན་དུ་ངོར་ཆེན། བྲག་དཀར་སེམས་དཔའ་ཆེན་པོ། མུས་ཆེན་གསུམ་གྱིས་མཁན་པོ་དང་ལས་གསང་མཛད་དེ་བསྙེན་པར་རྫོགས། མཁན་སློབ་དར་གསུམ་དང་།ལྕང་ལུང་པ་གཞོན་ནུ་བློ་གྲོས། པཎ་ཆེན་ནགས་རིན་སོགས་ལས་གསུང་ངག་སྦྱོར་དྲུག་གི་གཙོས་ཟབ་རྒྱས་ཀྱི་ཆོས་མང་དུ་ནོད། དགུང་ལོ་བཅོ་ལྔ་པ་ལ་གསང་ཕུའི་གནས་སྒོ་གྲྭ་ཚང་གི་འཛིན་བདག་མཛད། དེ་ནས་དཔལ་ལྡན་ས་སྐྱར་《གཞུང་ལུགས་བརྒྱ་ལ་བཤད་པའི་དགའ་སྟོན》དང་། 《གོོ་སྒྲ་ལས་དྲངས་པའི་གནས་བསྟོད་དང་ང་བརྒྱད་མ》སོགས་མཛད། དགུང་ལོ་ཞེ་གཉིས་པ་ས་གླང(༡༤༦༩)ལོར་གསེར་མདོག་ཅན་དུ་འདུས་ཚོགས་བརྒྱ་ཕྲག་བདུན་ལ་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་སྤེལ་ཏེ། དགུན་ཆོས་ལ་མངོན་པ་གོང་འོག དཔྱིད་ཆོས་ལ་དབུ་མ། དབྱར་ཆོས་ལ་འདུས་བ་གཙོ་བོར་འདོམས་པར་མཛད། དེ་ནས་ཆོས་རྒྱལ་རྣམ་རྒྱལ་གྲགས་པ་ལས་དུས་འཁོར་གྱི་དབང་གྱི་དབང་སོགས་གསན། གསེར་མདོག་ཅན་དུ་དྲི་ལན་གསེར་གྱི་ཐུར་མ་མཛད། མདོར་ན་མཁས་གྲུབ་འདི་ཉིད་ཀྱིས་ཡོངས་འཛིན་བཅུ་ཕྲག་བཞི་ལྷག་ལས་གསན་པ་རྒྱ་ཆེར་མཛད།བློ་བརྟན་བཞི་པ་དང་དེའི་ཉེ་གནས་བློ་ལྡན་པའི་དྲུང་དུ་ཀ་ཙན་སྙན་ངག་སོགས་སྦྱངས་ཤིང་། རིག་གནས་ལྔ་ལ་སྙན་པའི་གྲགས་པས་ཁྱབ། ཡོངས་རྫོགས་པཎྜི་ཏ་ཆེན་པོར་གྱུར། སྤྱིར་རིག་གནས་ལྔ་དང་། ཁྱད་པར་སྒྲ་རིག་དང་། ནང་རིག་གི་སྙིང་པོ། བཀའ་བར་མཐའ་དང་། ལུགས་གཉིས་ཀྱི་སྲོལ་ལས་བྱུང་བའི་རང་སྟོང་གཞན་སྟོང་གི་ལྟ་བའི་གནད་ཟབ་མོ་ལ་འདི་ཁོ་ན་བཀའ་དྲིན་ཆེ། དེ་བཞིན་མངའ་རིས་འཁོར་འཕྲལ་འདུ་ཁང་རྙིང་པ་དང་། ཕྱིས་གསར་པ། མགོན་ཁང་། གོས་སྐུ་སོགས་བཞེངས། ཕྱག་རྩོམ་ལ་ཡང་། 《ཚད་མའི་དཀའ་འགྲེལ་སྤྱི་དོན་ཆེ་ཆུང་གཉིས》 《རྣམ་རིག་ཊཱིཀ་ཆེན་གཉིས》 《ཕར་ཕྱིན་ཊཱིཀ་ལུང་སྙིང་སྤྱི་དོན་གསུམ》 《རྩ་འཇུག་ཊཱིཀ་སྟོང་ཐུན་ཆེན་མོ་གསུམ》 《འདུལ་པའི་བཀའ་འགྲེལ་ལས་བརྒྱ་ཊཱིཀ》དང་། 《བདེ་གསང་རྣམ་བཤད་གསེར་ཐུར་ཆོས་ཚན》སོགས་རྩོམ་པའི་རྣམ་གྲངས་ཤིན་ཏུ་མང་བར་མཛད། གསུང་ལས་སྐྱེས་པའི་སློབ་མ་ཤངས་ཆེན་པ་དང་།ལྕང་ར་བ།རྡོར་རྒྱལ་བ།བློ་བཟང་སོགས་མང་དུ་བྱོན། དེ་ལྟར་མཛད་པ་མཐར་ཕྱིན་ཏེ་དགུང་ལོ་བརྒྱད་ཅུ་ལ་ཕེབས་པ་རབ་བྱུང་དགུ་པའི་མེ་ཡོས(༡༥༠༧)ལོར་དགོངས་པ་གཞན་དོན་དུ་གཤེགས།

language:
Tibetan

2. Thupten Phuntsok Dictionary

ས་སྐྱའི་བླ་མ་འདི་ཉིད་རབ་བྱུང་བདུན་པའི་ས་སྤྲེལ (༡༤༢༨) ལོར་གསང་ཕུའི་བར་ཚིགས་ཞེས་པར་སྐུ་འཁྲུངས། དགུང་ལོ་བརྒྱད་པ་ལ་སྐྱོར་མོ་ལུང་དུ་རོང་སྟོན་ཆེན་པོ་ལས་རབ་ཏུ་བྱུང་། མཚན་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་ཞེས་གསོལ། དགུང་ལོ་བཅུ་པ་ལ་ནཱ་ལེནྡྲར་དགེ་ཚུལ་བསྒྲུབས། དགུང་ལོ་ཉེར་གཅིག་གི་བར་ཀུན་མཁྱེན་རོང་སྟོན་ཆེན་པོའི་ཞབས་ལ་གཏུགས་ནས་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་སོགས་ཟབ་ཆོས་མང་དུ་གསན། དགུང་ལོ་ཉེར་ལྔ་པ་ལ་ངོར་དགོན་དུ་ངོར་ཆེན་ཀུན་དགའ་བཟང་པོ། བྲག་དཀར་སེམས་དཔའ་ཆེན་པོ། མུས་ཆེན་སེམས་དཔའ་ཆེན་པོ་གསུམ་གྱིས་མཁན་པོ་དང་ལས་གསང་མཛད་དེ་བསྙེན་པར་རྫོགས། མཁན་སློབ་དེ་གསུམ་དང་། ལྕང་ལུང་པ་གཞོན་ནུ་བློ་གྲོས། པཎ་ཆེན་ནགས་རིན་སོགས་ལས་གསུང་ངག་སྦྱོར་དྲུག་གི་གཙོས་ཟབ་རྒྱས་ཀྱི་ཆོས་མང་དུ་ནོད། དགུང་ལོ་བཅོ་ལྔ་པ་ལ་གསང་ཕུའི་གནས་སྒོ་གྲྭ་ཚང་གི་འཛིན་བདག་མཛད། དེ་ནས་དཔལ་ལྡན་ས་སྐྱར་གཞུང་ལུགས་བརྒྱ་ལ་བཤད་པའི་དགའ་སྟོན》དང་། གཽ་སྒྲ་ལས་དྲངས་པའི་གནས་བསྟོད་དང་ང་བརྒྱད་མ》སོགས་མཛད། དགུང་ལོ་ཉེ་གཉིས་པ་ས་གླང (༡༤༦༩) ལོར་གསེར་མདོག་ཅན་དུ་འདུས་ཚོགས་བརྒྱ་ཕྲག་བདུན་ལ་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་སྤེལ་ཏེ། རིག་གནས་ལྔ་ལ་སྙན་པའི་གྲགས་པས་ཁྱབ། ཕྱག་རྩོམ་ལ་ཡང་། ཚད་མའི་དཀའ་འགྲེལ་སྤྱི་དོན་ཆེ་ཆུང་གཉིས》 རྣམ་རིག་ཊཱིཀ་ཆེན་གཉིས》 ཕར་ཕྱིན་ཊཱིཀ་ལུང་སྙིང་སྤྱི་དོན་གསུམ》 རྩ་འཇུག་ཊཱིཀ་སྟོང་ཐུན་ཆེན་པོ་གསུམ》 འདུལ་བའི་བཀའ་འགྲེལ་ལས་བརྒྱ་ཊཱིཀ》དང་། བདེ་གསང་རྣམ་བཤད་གསེར་ཐུར་ཆོས་ཚན》སོགས་རྩོམ་པའི་རྣམ་གྲངས་ཤིན་ཏུ་མང་བར་མཛད། དེ་ལྟར་མཛད་པ་མཐར་ཕྱིན་ཏེ་དགུང་ལོ་བརྒྱད་ཅུ་ལ་ཕེབས་པ་རབ་བྱུང་དགུ་པའི་མེ་ཡོས (༡༥༠༧) ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།

language:
Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བདུན་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 1428 ལོར་གསང་ཕུའི་བར་ཚིགས་སུ་སྐུ་འཁྲུངས། རབ་བྱུང་དགུ་པའི་མེ་མོ་ཡོས་ལོ་སྟེ་སྤྱི་ལོ 1507 ལོར་སྐུ་གཤེགས། ཁོང་དགུང་ལོ་བརྒྱད་པར་སྐྱོར་མོ་ལུང་དུ་རོང་སྟོན་སྨྲ་བའི་སེང་གེ་ལས་རབ་ཏུ་བྱུང་ཞིང་མཚན་ལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཞེས་གསོལ། དགུང་ལོ་བཅུ་པར་ནཱ་ལེནྡྲར་ཕེབས་ཏེ་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་བཟུང་དགུང་ལོ་ཉེར་གཅིག་གི་བར་དུ་རོང་ཆེན་སྨྲ་བའི་སེང་གེ་ལ་བསྟེན་ཏེ་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལུགས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། དགུང་ལོ་ཉེར་ལྔ་པར་ངོར་པར་ཕེབས་ཤིང་ངོར་ཆེན་ཀུན་དགའ་བཟང་པོ་དང་། བྲག་དཀར་སེམས་པ་ཆེན་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན་གསུམ་ལས་བསྙེན་པར་རྫོགས། མཁན་སློབ་དེ་གསུམ་དང་། ལྕང་ལུང་པ་གཞོན་ནུ་བློ་གྲོས། པཎ་ཆེན་ནགས་རིན་པ་སོགས་ལས་རྒྱུད་སྡེ་བཞི་དང་གསུང་ངག་སྦྱོར་དྲུག་སོགས་ཟབ་རྒྱས་ཆོས་ཀྱི་གདམས་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་པར་མཛད། བློ་བརྟན་བཞི་པ་ལས་སྒྲ་དང་། སྙན་ངག སྡེབ་སྦྱོར་བཅས་ལ་སྦྱངས་པས་པཎྜི་ཏ་ཆེན་པོར་གྱུར། དེ་ནས་ངོར་[985]ཆེན་རིན་པོ་ཆེས་བསྐུལ་བར་བརྟེན་དཔལ་ལྡན་ས་སྐྱར་བྱོན་ཏེ་གཞུང་ལུགས་བརྒྱ་ལ་བཤད་པའི་དགའ་སྟོན་བཤམས་ཤིང་ཡོངས་རྫོགས་བསྟན་པའི་མངའ་བདག་ཏུ་གྱུར། དགུང་ལོ་ཞེ་གཉིས་པར་པཎ་ཆེན་དོན་ཡོད་དཔལ་གྱིས་བསྐུལ་བ་དང་། གཙང་ཆེ་ཧོར་ཤཱཀྱ་དང་། སྒར་པ་དོན་ཡོད་རྡོ་རྗེ། སེང་གེ་རྩེ་བ་འཕགས་པ་རབ་བརྟན་སོགས་ཀྱིས་སྦྱིན་བདག་མཛད་དེ་གསེར་མདོག་ཅན་དགོན་གསར་དུ་བཏབ་སྟེ་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་བཅས་བཞེངས་ཤིང་དགེ་འདུན་བརྒྱ་ཕྲག་མང་པོའི་ཚོགས་པ་བསྐྱངས། དགུང་ལོ་བརྒྱད་ཅུ་ཐམ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཤངས་ཆེན་པ་དང་། ལྕང་ར་པ། རྡོར་རྒྱལ་བ། བློ་བཟང་བཅས་ཡིན། ཁོང་གི་གསུང་རྩོམ་ནི《ཚད་མའི་དཀའ་འགྲེལ》དང་། 《སྤྱི་དོན》ཆེ་ཆུང་གཉིས། 《རྣམ་རིགས་ཊིཀ་ཆེན》གཉིས། 《ཕར་ཕྱིན་ཊཱིཀ་ཆེན》། 《རྩ་འཇུག་ཊཱིཀྐ》། 《སྟོང་ཐུན་ཆེན་མོ》། 《འདུལ་བའི་དཀའ་འགྲེལ》། 《སོ་ཐར་ཊཱིཀྐ》། 《གཞི་གསུམ་ལས་ཆོག》། 《བདེ་མཆོག་རྣམ་བཤད》། 《གསང་འདུས་རྣམ་བཤད》། 《གསེར་ཐུར་ཆོས་ཚན》། 《སུམ་རྟགས་འགྲེལ་བ》 བཅས་མང་དུ་བཞུགས་སོ། །

language:
Tibetan