- paN chen bsod nams grags pa
- ID:
- T235715
- པཎ་ཆེན་བསོད་ནམས་གྲགས་པ (Tibetan, Tibetan script, Original)
- > paN chen bsod nams grags pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > penchen sönam drakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
འདི་ཉིད་ཀྱི་མཛད་རྣམ་ཁ་སྡེའི་ཁྲེ་ཆེན་ཞེས་པར་བཀོད་ཡོད་པས་དེར་གཟིགས།
- language:
- Tibetan
2. Thupten Phuntsok Dictionary
འདི་ཉིད་ཀྱི་མཛད་རྣམ་གོང་དུ་ཁ་སྡེའི་ནང་ཁྲི་ཆེན་ཞེས་བཀོད་ཡོད་པས་དེར་གཟིགས།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བརྒྱད་པའི་ས་ཕོ་ཁྱི་ལོ་སྟེ་སྤྱི་ལོ 1478 ལོར་ལྷོ་ཁ་རྩེད་ཐང་དུ་ནང་པར་ལམ་པའི་སྲས་སུ་སྐུ་འཁྲུངས། རབ་བྱུང་དགུ་པའི་ཤིང་ཕོ་སྟག་ལོ་སྟེ་སྤྱི་ལོ 1554 ལོར་འབྲས་སྤུངས་སུ་སྐུ་གཤེགས། ཆུང་དུས་ནས་རྩེད་ཐང་དགོན་པའི་ཆོས་གྲྭར་ཞུགས་ཏེ་ཡི་གེའི་འབྲི་ཀློག་སོགས་ལ་སྦྱངས་པར་མཛད། ཆེན་པོ་བསོད་ནམས་བཀྲ་ཤིས་ལས་རབ་བྱུང་བསྒྲུབས་ཏེ་མཚན་ལ་བསོད་ནམས་གྲགས་པ་ཞེས་གསོལ། དེ་ནས་གསང་ཕུར་ཕེབས་ནས་སློབ་གཉེར་མཛད། དགུང་ལོ་བཅུ་དྲུག་ནས་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ་ལོ་ངོ་བཅུ་གཉིས་རིང་དུ་ཀུན་མཁྱེན་དོན་ཡོད་དཔལ་ལྡན་དང་། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་[987]བཅས་བླ་མར་བསྟེན་ནས་ཕར་ཕྱིན་དང་། ཚད་མ། དབུ་མ། འདུལ་བ། མཛོད་བཅས་གཞུང་བཀའ་པོད་ལྔར་སློབ་གཉེར་དཔྱིས་ཕྱིན་པར་མཛད། དགུང་ལོ་ཉི་ཤུ་ཐམ་པར་འོད་སྣའི་བླ་མ་སངས་རྒྱས་བཟང་པོ་དང་རིན་ཆེན་ཆོས་བཟང་གཉིས་ལས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་མནོས། དགུང་ལོ་ཉེར་བདུན་པར་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་སློབ་དཔོན་ཆོས་ལྡན་བློ་གྲོས་བླ་མར་བསྟེན་ནས་ལོ་ངོ་གསུམ་གྱི་རིང་དུ་གསང་སྔགས་ཀྱི་གཞུང་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་མཛད་ཅིང་། 《རྒྱུད་སྡེ་སྤྱིའི་རྣམ་བཤད》ཀྱང་བརྩམས། དགུང་ལོ་སོ་བཞི་པར་རྒྱུད་སྟོད་གྲྭ་ཚང་གི་སློབ་དཔོན་གྱི་ཁྲི་ལ་ཕེབས་ནས་ལོ་བཅུ་བཞིའི་རིང་རྒྱུད་ཀྱི་འཆད་ཉན་གནང་། དགུང་ལོ་སོ་དྲུག་པར་《གསང་བ་འདུས་པའི་བསྐྱེད་རྫོགས་གཉིས་ཀའི་ཊིཀ་ཆེན》བརྩམས་ཤིང་དེའི་འཆད་ཉན་ཚུགས། དགུང་ལོ་ཞེ་བདུན་པར་རྒྱལ་བ་དགེ་འདུན་རྒྱ་མཚོའི་བཀའ་ལྟར་ལོ་དྲུག་གི་རིང་འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་མཛད། དགུང་ལོ་ང་གཉིས་པར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་ལོ་བདུན་རིང་ལ་མདོ་སྔགས་ཀྱི་འཆད་ཉན་མཛད། དགུང་ལོ་ང་བརྒྱད་པར་ཟུར་བཞུགས་ཐོག་འབྲས་སྤུངས་ཀྱི་ཁྲིར་ཕེབས། དེ་བཞིན་དུ་སེ་ར་ཐེག་ཆེན་གླིང་དང་། སྐྱོར་མོ་ལུང་། ཕག་མོ་ཆོས་སྡེ། ཉི་སྡིངས། འོད་སྣ། ཆོས་སྡེ་རིན་ཆེན་གླིང་སོགས་ཞལ་འཛིན་མཁན་པོ་མཛད་པས་རྣམ་དཀར་གྱི་འཕྲིན་ལས་རྒྱས། རྒྱལ་བ་བསོད་ནམས་རྒྱ་མཚོའི་གཙུག་ཕུད་བཞེས་ནས་མཚན་གསོལ། ཁོང་ནི་དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་ཡིན། ཁོང་གི་གསུང་རྩོམ་[988]ནི《ཕར་ཕྱིན་གྱི་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ》དང་། 《ཕར་ཕྱིན་གྱི་མཐའ་དཔྱོད་ཡུམ་དོན་ཡང་གསལ་སྒྲོན་མེ》། 《དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ》《དབུ་མའི་མཐའ་དཔྱོད་ཟབ་དོན་ཡང་གསལ་སྒྲོན་མེ》བཅས་ཆོས་ཚན་བཅུ་བཞི་བཞུགས་སོ། །
- language:
- Tibetan