Skip to main content Skip to search
paN+Di ta sangs rgyas gsang ba
ID:
T235719
  • པཎྜི་ཏ་སངས་རྒྱས་གསང་བ (Tibetan, Tibetan script, Original)
    • > paN+Di ta sangs rgyas gsang ba (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pendita sanggyé sangwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

རྒྱ་གར་གྱི་པཎྜི་ཏ་ཞིག་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཚེའི་སྟོད་ཀྱི་སློབ་མ།བྱ་རྒྱུད་དང་། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་གསུམ་ལ་མཁས་པའི་སློབ་དཔོན་ཞིག་ཡིན། རྗེས་སུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ལུང་བསྟན་པ་ལྟར་གངས་ཏི་སེར་ཕེབས་ནས་སྒོམ་སྒྲུབ་མཛད་ཅིང་བཞུགས་སྐབས་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བྲན་ཀ་མུ་ལེ་ཀོ་ཥ་དང་། གཉུགས་ཛྷ་ཎ་ཀུ་མ་ར་གཉིས་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་འཚོལ་དུ་བཏང་བ་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་འཚོལ་དུ་བཏང་བ་རྒྱ་གར་དུ་མ་སླེབས་གོང་སློབ་དཔོན་ཁོང་དང་མཇལ་ཏེ་གསང་སྔགས་ཀྱི་ཆོས་འགའ་ཞིག་ཞུས་ནས་བོད་དུ་ལོག་དགོས་བྱུང་། སློབ་དཔོན་འདིའི་ལོ་རྒྱུས་ཞིབ་པར་ཇོ་ནང་ཏ་ར་ནཱ་ཐས་མཛད་པའི་《རྒྱ་གར་ཆོས་འབྱུང》ལེའུ་སུམ་ཅུ་པའི་ནང་དུ་གསལ།

language:
Tibetan

2. Thupten Phuntsok Dictionary

རྒྱ་གར་གྱི་པཎྜི་ཏ་ཞིག སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཚེའི་སྟོད་ཀྱི་སློབ་མ། བྱ་རྒྱུད་དང་། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་གསུམ་ལ་མཁས་པའི་སློབ་དཔོན་ཞིག་ཡིན། རྗེས་སུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ལུང་བསྟན་པ་ལྟར་གངས་ཏི་སེར་ཕེབས་ནས་སྒོམ་སྒྲུབ་མཛད་ཅིང་བཞུགས་སྐབས་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བྲན་ཀ་མ་ལེ་ཀོ་ཥ་དང་། གཉགས་ཛྙ་ཎ་ཀུ་མ་ར་གཉིས་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་འཚོལ་དུ་བཏང་བ་རྒྱ་གར་དུ་མ་སླེབས་གོང་སློབ་དཔོན་ཁོང་དང་མཇལ་ཏེ་གསང་སྔགས་ཀྱི་ཆོས་འགའ་ཞིག་ཞུས་ནས་བོད་དུ་ལོག་དགོས་བྱུང་།

language:
Tibetan