- pad+ma'i rdul
- ID:
- T235763
- པདྨའི་རྡུལ (Tibetan, Tibetan script, Original)
- > pad+ma'i rdul (Tibetan, Latin script, Transliteration-THL Extended Wylie Transliteration)
- > pemé dul (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
པདྨ་ཞེས་པ་འཇུག་སྒོ་མང་ཡང་སྐབས་འདིར་བུད་མེད་ཀྱི་མཚན་མའི་མིང་ལ་ཐོབ་སྟེ། དངུལ་ཆུ་རྡརྨ་བྷ་དྲས་མཛད་པའི་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལས། ཆོས་འབྱུང་པདྨ་མེ་ཏོག་ལམ། དགའ་བའི་བུ་ག་མོ་མཚན་མིང་། ཞེས་གསུངས་པ་དང་། རྡུལ་ནི་དྲེག་པ་སོགས་ལ་འཇུག་ཀྱང་སྐབས་འདིར་ཟླ་མཚན་གྱི་མིང་ལ་ཐོབ་སྟེ། མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལས། རྡུལ་དང་མེ་ཏོག་ཟླ་མཚན་ཏེ། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan