Skip to main content Skip to search
pir rjes
ID:
T235839
  • པིར་རྗེས (Tibetan, Tibetan script, Original)
    • > pir rjes (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pir jé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རི་མོ་འབྲི་སྐབས་སུ་པིར་སྤྱོད་ཤུལ་མངོན་པ་དེར་ཟེར། རི་མོ་སོ་སོའི་བརྗོད་བྱ་དང་ནང་དོན་མི་འདྲ་བ། རི་མོ་རིགས་སོ་སོའི་དབར་གྱི་ཉམས་འགྱུར་མི་འདྲ་བ་སོགས་ཀྱིས་རྐྱེན་པས། པིར་སྤྱོད་སྟངས་གཅིག་གྱུར་མིན། དཔེར་ན་རི་མོ་འབྲི་སྐབས་རྒྱུན་དུ་ཤུགས་ཆེ་བ་དང་། ཤུགས་ཆུང་བ། ཧྲོབ་རྩིང་དང་འཇམ་ཤ་དོད་པོ། མཉེན་ཆ་དང་ཁོབ་ཏོ། སྦོམ་པོ་དང་ཕྲ་མོ་སོགས་ནི་པིར་རྗེས་ཀྱི་ཁྱད་པར་ལས་ཐོན་པ་ཡིན། པིར་རྗེས་ནི་ཉམས་འགྱུར་གྱི་རྨང་གཞི་དང་། ནང་དོན་དང་གཙོ་བོའི་བརྗོད་བྱར་ཞབས་འདེགས་ཞུ་མཁན་ཞིག་ཡིན། གལ་སྲིད་ནང་དོན་ཆོ་མེད་པ་དང་གཙོ་བོའི་བརྗོད་བྱ་མངོན་གསལ་དོད་པོ་མེད་པ་ཞིག་ཡིན་ན་པིར་རྗེས་ཇི་ཙམ་ལེགས་ཀྱང་ཕན་ཐོགས་གང་ཡང་མེད། དེས་ཕྱི་ཚུལ་གྱི་རྣམ་པ་ཟོལ་བཅོས་ཙམ་ལས། བརྩམ་བྱའི་གསོན་ཉམས་ལ་ཕན་ནུས་ཐོན་གྱི་མེད། དེར་བརྟེན་བརྩམ་བྱ་ཞིག་གི་ལེགས་ཉེས་དཔྱད་སྐབས་ཁྱོན་ཡོངས་ལ་བལྟ་དགོས་པ་ལས་པིར་རྗེས་རྐྱང་པར་བལྟས་ན་མི་རུང་བའོ། །

language:
Tibetan