Skip to main content Skip to search
pir rjes dang bsam pa
ID:
T235840
  • པིར་རྗེས་དང་བསམ་པ (Tibetan, Tibetan script, Original)
    • > pir rjes dang bsam pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pir jé dang sampa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རི་མོ་གསར་རྩོམ་བྱེད་པའི་རྒྱུད་རིམ་ནང་རི་མོ་མཁན་གྱི་བསམ་པའི་བརྩེ་དུང་དང་པིར་རྗེས་གཉིས་མཉམ་དུ་འདྲེས་དགོས། པིར་རྗེས་གང་དུ་གནས་པའི་ཡུལ་དེར་བཅད་དང་། ཚགས་སོགས་གང་ཡིན་རུང་ཚང་མ་བརྩེ་དུང་གི་འགུལ་སྐྱོད་རྗེས་ཤུལ་ཡིན། དེར་བརྟེན་པིར་རྗེས་ཀྱིས་ཕྱི་ཡུལ་གྱི་བྲི་ཡུལ་དང་རང་ངོས་ཀྱི་ཤེས་རྟོགས། དངོས་པོའི་ཕྱི་དབྱིབས་དང་ནང་གི་བསམ་པ། དེ་བཞིན་རྩོམ་པ་པོ་རང་ཉིད་ཀྱི་བསམ་བློའི་བརྩེ་དུང་དང་པིར་རྗེས་གཉིས་རོ་གཅིག་ཏུ་གྱུར་པའི་ནུས་པ་ཐོན་གྱི་ཡོད། བསམ་པ་པིར་གྱི་སྔོན་དུ་འགྲོ་དགོས། ཞེས་དང་། པིར་གང་བྱུང་དུ་སྤྱོད་རྒྱུ་མེད་ཅེས་པ་ནི་རྩོད་སྒྲུབ་ཀྱི་འབྲེལ་བ་ཡིན་པ་དང་། པིར་རྗེས་དང་བསམ་པའི་དབར་གྱི་འབྲེལ་བའང་ཡིན།

language:
Tibetan