- pir thogs dbang po
- ID:
- T235843
- པིར་ཐོགས་དབང་པོ (Tibetan, Tibetan script, Original)
- > pir thogs dbang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > pir tok wangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་ཀྱི་རི་མོའི་ལག་རྩལ་ཤིན་ཏུ་མཁས་པའི་མིང་སྟེ། རི་བོང་གི་འཇུག་མའི་སྤུ་དང་ཞུམ་བུའི་སྒལ་གཞུང་གི་གྲ་སྤུ་སོགས་ལས་བཟོས་པའི་པིར་སྨྱུག་ཐོགས་ནས་རི་མོ་འབྲི་བ་ལ་ཤིན་ཏུ་མཁས་པའི་ལག་རྩལ་མི་སྣ་ལ་པིར་ཐོགས་དབང་པོ་ཞེས་བསྟོད་བསྔགས་བྱེད་སྲོལ་ཡོད། བོད་ཀྱི་རི་མོའི་ལག་རྩལ་ནི་རང་གི་མི་རིགས་ཀྱི་རྒྱུན་སྲོལ་རི་མོ་ཡོད་ལ་རྗེས་སུ་བལ་བྲིས་ཀྱི་ལག་རྒྱུན་ལ་སློབ་སྦྱོང་བྱས་པ་དང་། མིང་རྒྱལ་རབས་ཀྱི་ཐགས་གྲུབ་ཐང་ག་བོད་འབྱོར་རྗེས་བོད་ཀྱི་རི་མོ་མཁས་པ་རྣམས་རྒྱ་མི་རིགས་ཀྱི་རི་མོའི་ལག་རྩལ་ལ་སློབ་སྦྱོང་བྱེད་འགོ་ཚུགས་ཤིང་། དེ་དག་ཚང་མས་རང་གི་མི་རིགས་ཀྱི་རྒྱུན་སྲོལ་རི་མོའི་ལག་རྩལ་གྱི་ཁྱད་ཆོས་མ་ཉམས་པ་གཞིར་བཟུང་ཐོག་མི་རིགས་གཞན་དག་གི་ལག་རྩལ་ཁྱད་ཆོས་ཀྱང་སློབ་སྦྱོང་བྱས་ཏེ་ཡར་རྒྱས་བྱུང་བ་ཞིག་ཡིན། བོད་ཀྱི་རི་མོའི་ལག་རྩལ་གྱི་ལོ་རྒྱུས་ཅུང་ཟད་རྒྱས་ཙམ་ཞིག་ཁོ་བོས་ཟུར་དུ་བྲིས་ཡོད་པས་འདིར་བསྐྱར་ལྡབས་མ་བྱས་སོ།
- language:
- Tibetan
2. Thupten Phuntsok Dictionary
བོད་ཀྱི་རི་མོའི་ལག་རྩལ་ཤིན་ཏུ་མཁས་པའི་མིང་སྟེ། རི་བོང་གི་འཇུག་མའི་སྤུ་དང་ཞུམ་བུའི་སྒལ་གཞུང་གི་གྲ་སྤུ་སོགས་ལས་བཟོས་པའི་པིར་རྨྱུག་ཐོགས་ནས་རི་མོ་འབྲི་བ་ལ་ཤིན་ཏུ་མཁས་པའི་ལག་རྩལ་མི་སྣ་ལ་པིར་ཐོགས་དབང་པོ་ཞེས་བསྟོད་བསྔགས་བྱེད་སྲོལ་ཡོད།
- language:
- Tibetan