Skip to main content Skip to search
pir spyod stangs
ID:
T235847
  • པིར་སྤྱོད་སྟངས (Tibetan, Tibetan script, Original)
    • > pir spyod stangs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pir chö tang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྒྱ་སྲོལ་རི་མོའི་བཟོ་དབྱིབས་སྐྲུན་སྐབས་གྱི་གལ་ཆེའི་ཆ་ཤས་ཤིག་ཡིན། པིར་སྤྱོད་སྟངས་ཐད་འགོ་འཛུགས་དང་མཚམས་འཇོག་སྐབས་ཤུགས་སྤྱོད་པ་དང་ལག་པའི་མཁྲིག་མ་འདྲོངས་ཤིང་འཚམས་པ། བར་དུ་དབུགས་མཚམས་མ་ཆད་པ། བཅད་མཚམས་མ་ཆད་པ། བཅད་མཚམས་འཇོག་སྐབས་སྣང་ཆུང་མི་བྱེད་པ་བཅས་སོ། ད་དུང་བཅད་ཁ་ཡེང་བའི་རྣམ་པ་ཐོན་པ། ཤུགས་ཆེ་ན་བཅད་ཁ་ལྐུགས་རྟགས་དོད་པོའི་རྣམ་པ་ཐོན་པ། པིར་སྤྱོད་མགྱོགས་དྲགས་ན་བཅད་ཁ་རྐང་འདྲེད་ཤོར་བའི་རྣམ་པ་ཐོན་པ། པིར་སྤྱོད་འགོར་དྲགས་ན་བཅད་ཁ་མདུད་པ་ཐེབས་པའི་རྣམ་པ་ཐོན་པ། པིར་ཁ་ལེབ་དྲག་ན་བཅད་ཁ་སྲབ་པའི་རྣམ་པ་ཐོན་པ། པིར་ཁ་འདྲོང་དྲགས་ན་བཅད་ཁ་མཉན་ན་མེད་པའི་རྣམ་པ་ཐོན་པ་སོགས་སྐྱོན་ཆ་དེ་རིགས་སྤང་དགོས། དེ་ནི་རྒྱ་སྲོལ་རི་མོའི་ངོས་ནས་བཤད་པ་ཞིག་ཡིན། དེ་བཞིན་པིར་ཁ་ཀྱོག་ཀྱོག་བྱས་ན་བཅད་ཁ་སོག་ལེའི་ཁ་ལྟ་བུ་ཐོན་པ་དང་། པིར་ཁ་ཐད་ཀར་དྲང་རྐྱང་དུ་བཏང་ན་བཅད་ཁ་མཐའ་ཐིག་ལྟ་བུ་སོགས་ཡིན་པས་དེ་རྣམས་པིར་སྤྱོད་སྟངས་ཀྱི་དོན་ཡིན།

language:
Tibetan