Skip to main content Skip to search
pir rmyug
ID:
T235848
  • པིར་རྨྱུག (Tibetan, Tibetan script, Original)
    • > pir rmyug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pir nyuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྒྱ་ཡིག་འབྲི་བྱེད་ཀྱི་ལག་ཆ་ཞིག་ཡིན་ལ། རྒྱ་སྲོལ་རི་མོའི་གཙོ་བོའི་ལག་ཆ་ཞིག་ཀྱང་ཡིན། པིར་རྨྱུག་བཟོ་བྱེད་ཀྱི་རྒྱུ་ཆ་ནི་ར་སྤུ་དང་སྲེ་མོང་གི་སྤུ། རི་སྡོད་རི་བོང་གི་སྒལ་གཞུང་སྤུ། སྤྱང་ཀིའི་སྤུ་སོགས་ཀྱིས་བཟོ་ཡི་ཡོད། པིར་རྨྱུག་གི་རྒྱུ་ཆ་མི་འདྲ་བར་བརྟེན་པིར་རྨྱུག་ཀྱང་རིགས་གསུམ་ལ་དབྱེ་ཡོད་པ་སྟེ། མཉེན་སྤུ་དང་། གྱོང་སྤུ། མཉེན་གྱོང་བསྲེས་མ་བཅས་ཡིན། དེ་དག་ནི་ཚོན་ཆུ་འཐེན་ཤུགས་མི་འདྲ་ལ་སྤྱོད་པའི་ཚེ་ན་ཡང་ཕན་འབྲས་མི་འདྲ་བ་ཐོན་གྱི་ཡོད།

language:
Tibetan