Skip to main content Skip to search
pus mo'i gnyan gong
ID:
T235874
  • པུས་མོའི་གཉན་གོང (Tibetan, Tibetan script, Original)
    • > pus mo'i gnyan gong (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pümö nyen gong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

པུས་མོའི་ཚིགས་མཚམས་སུ་ངོས་འཛིན་པ་ཞིག་དང་། པུས་མོའི་ཚིགས་མཚམས་ནས་ཡར་སོར་བཞི་གཞལ་བའི་གནས་སུ་བཞེད་པ་ཞིག་དང་གཉིས་མཆིས་ཏེ། སྐྱེམས་པ་ཚེ་དབང་གིས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་རྣམ་བཤད་བདེ་བའི་འདོད་འཇོ་ལས། པུས་མོའི་ལྷ་ང་སླེབས་མཚམས་དེ་ལ་གཉན་གོང་ཞེས་བྱ། ཞེས་གསུངས་པ་དང་། སྡེ་སྲིད་སངས་རྒྱས་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་སྔོན་ལས། པུས་མོ་ནས་ཡར་སོར་བཞི་གཞལ་བའི་མཚམས་དེ་ལ་གཉན་གོང་ཞེས་བྱ། ཞེས་གསུངས་པས་སླད་དཔྱོད་ལྡན་དག་གིས་དཔྱོད་ཅིག །

language:
Tibetan