- po phu sgyu rtsal
- ID:
- T235891
- པོ་ཕུ་སྒྱུ་རྩལ (Tibetan, Tibetan script, Original)
- > po phu sgyu rtsal (Tibetan, Latin script, Transliteration-THL Extended Wylie Transliteration)
- > po pu gyutsal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཕྱི་རྒྱལ་གྱི་སྐད་ཡིག་ཡིན། དེའི་གོ་དོན་ནི་རྟོགས་སླ་བའི་སྒྱུ་རྩལ་ལམ་དར་ཁྱབ་ཆེ་པའི་སྒྱུ་རྩལ་ཞེས་ཟེར། དེའི་ཁྱད་ཆོས་ནི་དངོས་ཡོད་དང་རྒྱུན་སྤྱོད་ཀྱི་དངོས་པོ་རྣམས་འགྱུར་བ་མེད་པའི་སྒོ་ནས་འགྲེམས་སྟོན་བྱེད་ཅིང་། དཔེར་ན། འཁྲུ་རྫས་ཀྱི་ཤོག་སྒམ་དང་། ཁ་པར་འཕྲུལ་འཁོར། ཁྱིམ་ཆས། གསང་གཅོད་ཀྱི་མཁོ་ཆས། གད་སྙིགས་ཕུང་གསོག་ནང་གི་ལྕགས་ཀྲིང་སོགས་སྒྱུ་རྩལ་གྱི་བརྩམ་བྱ་ལ་བརྩིས་ཏེ་འགྲེམས་འཇོག་བྱེད་པ་དང་། དངོས་པོ་དེ་གྲས་ཇི་ཙམ་རྙིང་བ་དང་དེ་ཙམ་གྱིས་ཡོངས་ཁྱབ་ཏུ་སྤྱོད་པའི་རིགས་རྣམས་ཧ་ཅང་རྩ་ཆེར་འཛིན་བཞིན་ཡོད། པོ་ཕུ་སྒྱུ་རྩལ་པ་ཚོའི་འདོད་ཚུལ་ལ། ཁོ་ཚོའི་སྒྱུ་རྩལ་ནི་མང་ཚོགས་དཀྱུས་མར་དབང་བ་དང་། མ་རྟོགས་སླ་བ། ཆེས་མང་ཚོགས་ཅན་གྱི་སྒྱུ་རྩལ་ཞིག་ཡིན་ཞེས་དང་། ད་དུང་ཁོ་ཚོས་དངོས་པོ་གང་འདྲ་ཞིག་ཡིན་རུང་སྒྱུ་རྩལ་ཡིན་པ་དང་། ཐ་ན་གད་སྙིགས་ཕུང་པོའི་ནང་གི་དངོས་པོའི་ནང་ནས་སྒྱུ་རྩལ་གྱི་རིན་ཐང་རྙེད་ཐུབ་ཀྱི་རེད་ཅེས་བཤད་ཡོད། པོ་ཕུ་སྒྱུ་རྩལ་དེ་སྤྱི་ལོའི་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་དུས་དཀྱིལ་ཙམ་ལ་ཐོན་པ་དང་དེའི་བྱེད་སྒོའི་ལྟེ་གནས་ནི་ཨ་རིའི་ཉིའུ་གཡོད་དུ་ཡིན། ཚབ་བྱེད་མི་སྣ་གཙོ་བོའི་གྲས་ནི་ལོ་པོ་ཐ་ལའོ་ཧྲན་པོ་ཀེ་སོགས་ཡིན། དེ་རྗེས་པོ་ཕུ་སྒྱུ་རྩལ་དེ་འཛམ་གླིང་གི་རྒྱལ་ཁབ་མང་པོར་ཁྱབ་སྤེལ་སོང་།
- language:
- Tibetan