Skip to main content Skip to search
po hran ri bo'i bsangs phor
ID:
T235902
  • པོ་ཧྲན་རི་བོའི་བསངས་ཕོར (Tibetan, Tibetan script, Original)
    • > po hran ri bo'i bsangs phor (Tibetan, Latin script, Transliteration-THL Extended Wylie Transliteration)
    • > po hren riwö sang por (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

གནའ་བོའི་ཕོ་བྲང་དང་དགོན་པ་སོགས་ཀྱི་ནང་དུ་བསངས་བདུག་ལ་སྤྱོད་པའི་ཡོ་ཆས་ཤིག་ཡིན། བསངས་ཕོར་དེའི་ཁེབས་གཅོད་ཀྱི་དབྱིབས་ནི་བྲག་རི་ཟིང་ཟིང་གི་རྣམ་པ་ལྟ་བུ་ལ་བྲག་རིའི་བར་གསེང་དུ་མི་དང་སྲོག་ཆགས་སོགས་བརྐོས་ཡོད། འོག་ཏུ་ཞབས་ར་ཡང་ཡོད། ཡང་འགའ་ཞིག་གི་ཕྱི་དབྱིབས་ཧྲིལ་པོ་སྤྲིན་པ་དང་སྨུག་པའི་དབྱིབས་ཀྱི་རྒྱན་རིས་བརྐོས་ཡོད་ལ། དེའི་སྟེང་དུ་ཚ་གསེར་དང་དངུལ་ཆུ་སོགས་གཏོང་སྲོལ་ཡོད། དེའི་བཟོ་དབྱིབས་ལ་སྒྱུ་རྩལ་གྱི་རང་བཞིན་ཆེན་པོ་ལྡན་ཡོད། ཧན་དང་ཅིན་རྒྱལ་རབས་སྐབས་སུ་དར་སྲོལ་ཆེན་པོ་བྱུང་།

language:
Tibetan