Skip to main content Skip to search
dpa' bo nyer bzhi
ID:
T235964
  • དཔའ་བོ་ཉེར་བཞི (Tibetan, Tibetan script, Original)
    • > dpa' bo nyer bzhi (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pawo nyershyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

གསང་སྔགས་མ་རྒྱུད་ཀྱི་གཞུང་ལས་བཤད་ཚུལ་ལ། གསང་སྔགས་བླ་མེད་ཀྱི་ལམ་སྒོམ་པ་ལ་མཆོག་ཏུ་བསྔགས་པའི་ཡུལ་ཉི་ཤུ་རྩ་བཞི་ན་དཔའ་བོ་ཉི་ཤུ་རྩ་བཞི་སྟེ། ཡི་དྭགས་ཀྱི་གྲོང་ལ་སོགས་པའི་སྐུ་ཡི་གནས་བརྒྱད་ན་བཞུགས་པའི་དཔའ་བོ་སྟོབས་པོ་སོགས་སྐུ་ཡི་དཔའ་བོ་བརྒྱད། འདོད་པའི་གཟུགས་སོགས་གསུང་གི་གནས་བརྒྱད་ན་བཞུགས་པའི་དཔའ་བོ་མྱུ་གུ་ཅན་ལ་སོགས་པའི་གསུང་གི་དཔའ་བོ་བརྒྱད། པཱུ་ལི་ར་ལ་སོགས་པའི་ཐུགས་ཀྱི་གནས་བརྒྱད་ན་བཞུགས་པའི་དཔའ་བོ་ཐོད་པའི་ཐུགས་ཀྱི་དཔའ་བོ་བརྒྱད་བཅས་ཉི་ཤུ་རྩ་བཞི་ཡོད།

language:
Tibetan

2. Thupten Phuntsok Dictionary

གསང་སྔགས་མ་རྒྱུད་ཀྱི་གཞུང་ལས་བཤད་ཚུལ། གསང་སྔགས་བླ་མེད་ཀྱི་ལམ་སྒོམ་པ་ལ་མཆོག་ཏུ་བསྔགས་པའི་ཡུལ་ཉི་ཤུ་རྩ་བཞི་ན་དཔའ་བོ་ཉི་ཤུ་རྩ་བཞི་སྟེ། ཡི་དྭགས་ཀྱི་གྲོང་ལ་སོགས་པའི་སྐུ་ཡི་གནས་བརྒྱད་ན་བཞུགས་པའི་དཔའ་བོ་སྟོབས་པོ་སོགས་སྐུ་ཡི་དཔའ་བོ་བརྒྱད། འདོད་པའི་གཟུགས་སོགས་གསུང་གི་གནས་བརྒྱད་ན་བཞུགས་པའི་དཔའ་བོ་མྱུ་གུ་ཅན་ལ་སོགས་པའི་གསུང་གི་དཔའ་བོ་བརྒྱད། པཱུ་ལི་ར་ལ་སོགས་པའི་ཐུགས་ཀྱི་གནས་བརྒྱད་ན་བཞུགས་པའི་དཔའ་བོ་ཐོད་པའི་དུམ་བུ་ལ་སོགས་པའི་ཐུགས་ཀྱི་དཔའ་བོ་བརྒྱད་བཅས་ཉི་ཤུ་རྩ་བཞི་ཡོད།

language:
Tibetan