Skip to main content Skip to search
dpa' ris dge bshes blo bzang rab gsal
ID:
T235971
  • དཔའ་རིས་དགེ་བཤེས་བློ་བཟང་རབ་གསལ (Tibetan, Tibetan script, Original)
    • > dpa' ris dge bshes blo bzang rab gsal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pa ri geshé lo zang rabsal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

དཔའ་རིས་བློ་བཟང་རབ་གསལ་ཞུ་བ་འདི་ཉིད་རབ་བྱུང་བཅུ་བཞི་པའི་ལྕགས་བྱི་(༡༨༤༠)ལོར་དཔའ་རིས་ཡུལ་གྱི་འབྲོག་སའི་ཁྱིམ་ཞིག་ཏུ་སྐུ་འཁྲུངས། སྐུ་ན་ཆེས་ཕྲ་བའི་དུས་སུ་ཇག་རུང་ཡར་ལུང་ཐོས་བསམ་དར་རྒྱལ་གླིང་དུ་ཚོགས་ཞུགས་མཛད་ཅིང་། ཐུགས་རབ་ཤིན་ཏུ་ཆེ་བས་དགོན་པའི་འདོན་ཆ་སོགས་མྱུར་བར་ཐུགས་སུ་ཆུད། དེ་ནས་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གདན་སར་ཕེབས། དགེ་བའི་བཤེས་གཉེན་བཅུ་ཕྲག་དུ་མ་བསྟེན་ནས་མདོ་ཕྱོགས་བཀའ་པོད་ལྔ། སྔགས་ཕྱོགས་རྒྱུད་སྡེ་ཆེན་པོ་བཞི་ལ་སོགས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་ལ་ཐུགས་གཉེར་རྒྱ་ཆེར་མཛད་དེ་མཁས་གྲུབ་ཀྱི་གོ་འཕང་བརྙེས་ཤིང་རྒྱལ་བའི་བསྟན་པ་རིན་པོ་ཆེ་རང་གི་སྤྱན་འབྲས་བཞིན་དུ་གཅེས་པར་བཟུང་ནས་གདན་ས་མཆོག་གི་དགེ་འདུན་སྟོང་ཕྲག་མང་པོའི་གཙུག་རྒྱན་དུ་གྱུར། དམིགས་བསལ་གྱིས་རྡོ་རམས་པ་འཕར་མའི་མཚན་རྟགས་བཞེས། གདན་ས་མཆོག་གི་རྩོད་རྒྱུགས་ཕུལ་དུ་བྱུང་བའི་མཚན་སྙན་ཐོབ། དགུང་ལོ་ང་ལྔར་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཤིང་རྟ་(༡༨༩༤)ལོར་ཀན་ལྷོ་དང་དཔའ་རིས། མཚོ་སྔོན་གྱི་སྐུ་འབུམ་བྱམས་པ་གླིང་། རོང་བོ་དགོན་ཆེན། ཨ་རིག་དགོན་ཆེན་སོགས་ཀྱི་དགོན་སྡེ་ཆེ་ཕྲ་དུ་མར་ཕེབས་ནས་མདོ་སྨད་བཤད་གྲྭར་གྲྭ་སྐོར་མཛད། འཇུ་མི་ཕམ་གྱི་དགག་རྩོམ་ལ་དགག་ལན་བརྩམས་གནང་བ་སོགས་འཆད་རྩོད་རྩོམ་པའི་བྱ་བས་དུས་འདའ་བས་མཁས་པའི་གྲགས་སྙན་ས་སྟེང་དུ་ཁྱབ། མེ་རྟ་(༡༩༠༦)ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་བ་ཆེན་པོས་རྗེ་ཉིད་ལས་མདོ་སྔགས་རིག་གནས་ཀྱི་གདམས་པ་མང་པོ་གསན། ཕྱིས་ཡབ་སྲས་གཉིས་མཉམ་དུ་པེ་ཅིན་དང་། རི་བོ་རྩེ་ལྔ། སོག་ཡུལ་ལ་སོགས་པར་ཞབས་ཀྱིས་བཅགས་ཤིང་། སྐལ་ལྡན་གྱི་སློབ་མ་ནམ་མཁའི་སྐར་ཚོགས་ཇི་བཞིན་བསྐྱངས་པར་མཛད། ལྕགས་ཁྱི་(༡༩༡༠)ལོའི་ཡས་མས་སུ་བདག་ཉིད་ཆེན་པོ་འདི་ཉིད་སླར་ཡང་ཕྱི་སོག་ཡུལ་དུ་ཕེབས་ཏེ་ཟབ་རྒྱས་ཆོས་ཀྱི་སྒོ་བརྒྱ་ཕྱེས། སྐལ་ལྡན་གྱི་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ལམ་བཟང་ལ་ཉེ་བར་འགོད་བཞིན་པའི་ཚེ་ན་གཟུགས་སྐུའི་བཀོད་པ་རེ་ཞིག་བསྡུ་བའི་ཚུལ་བསྟན་ཏོ།

language:
Tibetan

2. Thupten Phuntsok Dictionary

དཔའ་རིས་བློ་བཟང་རབ་གསལ་ཞུ་བ་འདི་ཉིད་རབ་བྱུང་བཅུ་བཞི་པའི་ལྕགས་བྱི (༡༨༤༠) ལོར་དཔའ་རིས་ཡུལ་གྱི་འབྲོག་སའི་ཁྱིམ་ཞིག་ཏུ་སྐུ་འཁྲུངས། སྐུ་ན་ཆེས་ཕྲ་བའི་དུས་སུ་ཇག་རུང་ཡར་ལུང་ཐོས་བསམ་དར་རྒྱས་གླིང་དུ་ཚོགས་ཞུགས་མཛད་ཅིང་། ཐུགས་རབ་ཤིན་ཏུ་ཆེ་བས་དགོན་པའི་འདོན་ཆ་སོགས་མྱུར་བར་ཐུགས་སུ་ཆུད། དེ་ནས་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གདན་སར་ཕེབས། དགེ་བའི་བཤེས་གཉེན་བཅུ་ཕྲག་དུ་མ་བསྟེན་ནས་མདོ་ཕྱོགས་བཀའ་པོད་ལྔ། སྔགས་ཕྱོགས་རྒྱུད་སྡེ་ཆེན་པོ་བཞི་ལ་སོགས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་ལ་ཐུགས་གཉེར་རྒྱ་ཆེར་མཛད་དེ་མཁས་གྲུབ་ཀྱི་གོ་འཕང་བརྙེས་ཤིང་རྒྱལ་བའི་བསྟན་པ་རིན་པོ་ཆེ་རང་གི་སྤྱན་འབྲས་བཞིན་དུ་གཅེས་པར་བཟུང་ནས་གདན་ས་མཆོག་གི་དགེ་འདུན་སྟོང་ཕྲག་མང་པོའི་གཙུག་རྒྱན་དུ་གྱུར། དམིགས་བསལ་གྱིས་རྡོ་རམས་པ་འཕར་མའི་མཚན་རྟགས་བཞེས། གདན་ས་མཆོག་གི་རྩོད་རྒྱུགས་ཕུལ་དུ་བྱུང་བའི་མཚན་སྙན་ཐོབ། མེ་རྟ (༡༩༠༦) ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རྗེ་ཉིད་ལས་མདོ་སྔགས་རིག་གནས་ཀྱི་གདམས་པ་མང་པོ་གསན། ཕྱིས་ཡབ་སྲས་གཉིས་མཉམ་དུ་པེ་ཅིན་དང་། རི་བོ་རྩེ་ལྔ། སོག་ཡུལ་ལ་སོགས་པར་ཞབས་ཀྱིས་བཅགས་ཤིང་། སྐལ་ལྡན་གྱི་སློབ་མ་ནམ་མཁའི་སྐར་ཚོགས་ཇི་བཞིན་བསྐྱངས་པར་མཛད། ལྕགས་ཁྱི་ (༡༩༡༠) ལོ་ཡས་མས་སུ་བདག་ཉིད་ཆེན་པོ་འདི་ཉིད་སླར་ཡང་ཕྱིར་སོག་ཡུལ་དུ་ཕེབས་ཏེ་ཟབ་རྒྱས་ཆོས་ཀྱི་སྒོ་བརྒྱ་ཕྱེས། སྐལ་ལྡན་གྱི་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ལམ་བཟང་ལ་ཉེ་བར་འགོད་བཞིན་པའི་ཚེ་ན་གཟུགས་སྐུའི་བཀོད་པ་རེ་ཞིག་བསྡུ་བའི་ཚུལ་བསྟན་ཏོ། །

language:
Tibetan