Skip to main content Skip to search
dpal ldan 'bras spungs kyi mchod rten
ID:
T236001
  • དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན (Tibetan, Tibetan script, Original)
    • > dpal ldan 'bras spungs kyi mchod rten (Tibetan, Latin script, Transliteration-THL Extended Wylie Transliteration)
    • > palden dré pung kyi chörten (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སྟོན་པ་ཤྰཀྱ་ཐུབ་པས་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་གསུངས་པ་དང་དུས་མཉམ་དུ་དུས་འཁོར་རྩ་རྒྱུད་གསུངས་པའི་གནས་ཀྱང་འདི་ཡིན། ལེགས་སྦྱར་སྐད་ལ་ཤྲི་ཌྷ་ནྱ་ཀ་ཊ་ཀ་ཞེས་དང་བོད་སྐད་ལ་དཔལ་ལྡན་འདྲས་སྤུངས་ཞེས་མཆོད་རྟེན་འདིའི་རྩ་བའི་འཁོར་ཡུག་རྒྱང་གྲགས་བཞི་བཅུ་ཡོད་པ། རྒྱང་གྲགས་ཀྱི་ཚད་ཀྱང་རྡུལ་ཕྲ་རབ་བདུན་འགྱུར་གྱིས་རྡུལ་ཕྲན་གཅིག། རྡུལ་ཕྲན་བདུན་འགྱུར་གྱིས་ལྕགས་རྡུལ་གཅིག་ལྕགས་རྡུལ་བདུན་འགྱུར་གྱིས་ཆུ་རྡུལ་གཅིག ཆུ་རྡུལ་བདུན་གྱིས་རི་བོང་གི་རྡུལ་གཅིག རི་བོང་གི་རྡུལ་བདུན་གྱིས་ལུག་རྡུལ་གཅིག ལུག་རྡུལ་བདུན་གྱིས་གླང་རྡུལ་གཅིག གླང་རྡུལ་བདུན་གྱིས་ཉི་ཟེར་གྱི་རྡུལ་གཅིག ཉི་ཟེར་གྱི་རྡུལ་བདུན་གྱིས་སྲོ་མ་གཅིག སྲོ་མ་བདུན་གྱིས་ཤིག་ཤིག་བདུན་ལ་ནས་གཅིག ནས་བདུན་ལ་སོར་ཚིགས་གཅིག སོར་ཚིགས་ཉི་ཤུ་རྩ་བཞི་ལ་ཁྲུ་གང། ཁྱ་བཞི་ལ་གཞུ་གང། གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག རྒྱང་གྲགས་བརྒྱད་ལ་དཔལ་ཚད་གཅིག་བཅས་ཡིན། མཆོད་རྟེན་འདི་རྒྱ་གར་ཤར་ཕྱོགས་བྷངྒ་ལའི་མཐའ་ནས་རྒྱ་མཚོ་ལ་གྲུ་བཏང་ནས་ཉིན་གསུམ་ཙམ་ཕྱིན་པས་སླེབས་པར་གསུང། མཆོད་རྟེན་གྱི་མདུན་གྱི་ཤར་ནས་ལྕགས་རི་ཕྱི་མའི་ཤར་སྒོ་བར་དུ་གྲོང་ཁྱེར་དཔལ་ཡོན་ཅན་མི་ཁྱིམ་འབུམ་ཕྲག་ལྔ་དང་ཚོང་འདུས་ཆེན་པོ་རྒྱ་དཀར་ནག་གི་དངོས་ཆས་སྣ་ཚོགས་ཡོད་པར་གསུངས།

language:
Tibetan

2. Thupten Phuntsok Dictionary

སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སྟོན་པ་ཤཱཀྱ་ཐུབ་པས་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་གསུངས་པ་དང་དུས་མཉམ་དུ་དུས་འཁོར་རྩ་རྒྱུད་གསུངས་པའི་གནས་ཀྱང་འདི་ཡིན། ལེགས་སྦྱར་སྐད་ལ་ཤྲི་དྷ་ནྱ་ཀ་ཊ་ཀ་ཞེས་དང་བོད་སྐད་ལ་དཔལ་ལྡན་འབྲས་སྤུངས་ཞེས་མཆོད་རྟེན་འདིའི་རྩ་བའི་འཁོར་ཡུག་རྒྱང་གྲགས་བཞི་བཅུ་ཡོད་པ། རྒྱང་གྲགས་ཀྱི་ཚད་ཀྱང་རྡུལ་ཕྲ་རབ་བདུན་འགྱུར་གྱིས་རྡུལ་ཕྲན་གཅིག རྡུལ་ཕྲན་བདུན་འགྱུར་གྱིས་ལྕགས་རྡུལ་གཅིག་ལྕགས་རྡུལ་བདུན་འགྱུར་གྱིས་ཆུ་རྡུལ་གཅིག། ཆུ་རྡུལ་བདུན་གྱིས་རི་བོང་གི་རྡུལ་གཅིག རི་བོང་གི་རྡུལ་བདུན་གྱིས་ལུག་རྡུལ་གཅིག ལུག་རྡུལ་བདུན་གྱིས་གླང་རྡུལ་གཅིག གླང་རྡུལ་བདུན་གྱིས་ཉི་ཟེར་གྱི་རྡུལ་གཅིག ཉི་ཟེར་གྱི་རྡུལ་བདུན་གྱིས་སྲོ་མ་གཅིག སྲོ་མ་བདུན་གྱིས་ཤིག ཤིག་བདུན་ལ་ནས་གཅིག ནས་བདུན་ལ་སོར་ཚིགས་གཅིག སོར་ཚིགས་ཉི་ཤུ་རྩ་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་གཞུ་གང་། གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་བཅས་ཡིན། མཆོད་རྟེན་འདི་རྒྱ་གར་ཤར་ཕྱོགས་བྷངྒ་ལའི་མཐའ་ནས་རྒྱ་མཚོ་ལ་གྲུ་བཏང་ནས་ཉིན་གསུམ་ཙམ་ཕྱིན་པས་སླེབས་པར་གསུང་། མཆོད་རྟེན་གྱི་མདུན་གྱི་ཤར་ནས་ལྕགས་རི་ཕྱི་མའི་ཤར་སྒོ་བར་དུ་གྲོང་ཁྱེར་དཔལ་ཡོན་ཅན་མི་ཁྱིམ་འབུམ་ཕྲག་ལྔ་དང་ཚོང་འདུས་ཆེན་པོ་རྒྱ་དཀར་ནག་གི་དངོས་ཆས་སྣ་ཚོགས་ཡོད་པར་གསུངས།

language:
Tibetan