Skip to main content Skip to search
dpe deb mdzes bzo'i sgyu rtsal
ID:
T236069
  • དཔེ་དེབ་མཛེས་བཟོའི་སྒྱུ་རྩལ (Tibetan, Tibetan script, Original)
    • > dpe deb mdzes bzo'i sgyu rtsal (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pé deb dzé zö gyutsal (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དཔེ་དེབ་ཀྱི་མདུན་ཤོག་འཆར་འགོད་དང་། དཔེ་དེབ་ལ་མཛེས་རྒྱན་སྤྲོས་པའི་སྒྱུ་རྩལ་གྱི་རིགས་ཤིག་ཡིན། དེ་ཡང་དཔེ་དེབ་ཀྱི་གྲུབ་ཆ་དང་བཟོ་ལྟ་གཏན་འཁེལ་བྱེད་པའི་བྱ་ཐབས་ཤིག་སྟེ། དཔེ་དེབ་ཆེ་ཆུང་དང་། རྒྱུ་ཆ་ལེགས་ཉེས། པར་སྐྲུན་བྱ་ཐབས། དཔེ་ཆ་འཚེམས་སྟངས། ཁ་ཤོག་དང་རྒྱབ་ཤོག་གི་འཆར་འགོད་སོགས་ཚང་མ་སྒྱུ་རྩལ་རང་བཞིན་གྱི་རྣམ་པ་ལྡན་པ་བྱེད་དགོས། ལྷག་པར་དུ་ཁ་ཤོག་གི་འཆར་འགོད་ཀྱིས་ཀློག་པ་པོར་ཐོག་མའི་ཚོར་སྣང་སྟེར་གྱི་ཡོད་པས་དེ་བས་གལ་ཆེ་བ་ཞིག་ཡིན། དེ་ནི་བཟོ་བཀོད་སྒྱུ་རྩལ་གྱི་རིགས་ཤིག་ཡིན་པས་ཁ་ཤོག་གི་རི་མོ་དང་། གཞི་ཚོན། མཚོན་བྱེད་སོགས་ཚང་མ་བསམ་གཞིགས་བྱེད་རྒྱུ་དེ་ཀློག་པ་པོའི་ཡིད་དབང་འཕྲོག་པ་དང་། ཀློག་པ་པོར་སྒྱུ་རྩལ་གྱི་མྱོང་ཚོར་འཐོབ་རྒྱུའི་ཆེད་དུ་ཡིན།

language:
Tibetan