- dper 'os sam dpe mtshon
- ID:
- T236100
- དཔེར་འོས་སམ་དཔེ་མཚོན (Tibetan, Tibetan script, Original)
- > dper 'os sam dpe mtshon (Tibetan, Latin script, Transliteration-THL Extended Wylie Transliteration)
- > per ö sam pé tsön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྩོམ་པ་པོ་དང་སྒྱུ་རྩལ་མཁས་པ་ཚོས་སྤྱི་ཚོགས་ཐོག་གི་གྲལ་རིམ་ཞིག་གམ་ཚོགས་ཁག་ཅིག་གི་མི་མང་པོའི་གོམ་གཤིས་དང་། ཞེན་ཆགས། དད་སེམས། འགུལ་སྐྱོད། གཏམ་གླེང་སོགས་དང་། དེ་བཞིན་བསམ་བློའི་བྱེད་ཐབས་སོགས་རགས་བསྡུས་གཅིག་གྱུར་ལ་བརྟེན་ནས་གཟུགས་བརྙན་ཞིག་གི་ཐོག་ཏུ་གཅིག་སྡུད་ཀྱིས་གྲལ་རིམ་མམ་ཚོགས་ཁག་དེའི་ངོ་བོ་དང་ཁྱད་ཆོས་མཚོན་པར་བྱེད་པ་དེར་དཔེར་འོས་ཟེར། ཇི་ཙམ་ཁྱད་ཆོས་ལྡན་པ་དེ་ཙམ་གྱིས་གཟུགས་བརྙན་དེ་དཔེར་འོས་ལྡན་པ་ཞིག་ཡོང་གི་ཡོད། དཔེར་འོས་ནི་གཟུགས་བརྙན་གྱི་གཅིག་སྡུད་མཚོན་བྱེད་དང་ཆེས་མཐོའི་མཚོན་བྱེད་ཡིན། དཔེར་ན་དུས་རབས་བཅུ་དགུ་པའི་ནང་གི་ཧྥ་རན་སིའི་རི་མོ་མཁས་ཅན་མི་ལའེ་ཡིས་བྲིས་པའི་ཏོག་ཙེ་བཙུགས་ནས་བསྡད་པའི་ཞིང་པ་ཞེས་པའི་བརྩམ་བྱ་དེ་ཞིང་པའི་དཔེར་འོས་ཀྱི་གསོན་ཉམས་ལྡན་པའི་མཚོན་བྱེད་ཅིག་ཡིན།
- language:
- Tibetan