- dpon chen kun dga' bzang po
- ID:
- T236105
- དཔོན་ཆེན་ཀུན་དགའ་བཟང་པོ (Tibetan, Tibetan script, Original)
- > dpon chen kun dga' bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > pön chen kün ga zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ས་སྐྱའི་དཔོན་ཆེན་མི་ཐོག་གཉིས་པ། ཐོག་མར་ནང་གཉེར་བྱས། དེ་རྫེས་དཔོན་ཆེན་ཤྰཀྱ་བཟང་ པོ་འདས་པའི་ལོ་དེར། ས་སྐྱའི་དཔོན་ཆེན་དུ་བསྐོས་ནས་ལོ་དྲུག་རིང་ཤྰཀྱ་བཟང་པོས་བསྒྲུབ་མ་ཐུབ་པར་ལུས་པའི་ལྷ་ཁང་ཆེན་མོའི་འོག་ཐོག་དང་ཐོག་ཁང། ལྕགས་རི། རྒྱ་ཕིབས་སོགས་དང་རིན་ཆེན་སྒང་བླ་བྲང། ལྷ་ཁང་བླ་བྲང། དབུ་རྩེ་བྱང་བཅས་ལེགས་པར་བསྒྲུབས། རྫེས་སུ་འགྲོ་མགོན་འཕགས་པ་བོད་དུ་ཐེངས་གཉིས་པ་ཕེབས་སྐབས་འཕགས་པ་དང་ཐུགས་མ་ཐུགས་པ་བྱུང་ཡང་ཟེར། འཕགས་པའི་ཉེ་གནས་ཀྱིས་ཐོག་མར་འཕགས་པ་དང་དཔོན་ཆེན་བར་དཀྲུགས་ཤིང་བྱས། རྫེས་སུ་གོང་མ་སེ་ཆེན་ལ་དཔོན་ཆེན་གྱིས་བླ་མའི་བཀའ་ལ་རྩིས་མེད་བྱས་ཟེར་བ་སོགས་ཕྲ་མ་མང་དུ་ཞུས་རྐྱེནཀུན་དགའ་བཟང་པོའི་དཔོན་ཆེན་གྱི་གོ་གནས་ཕབས་ཏེ་བྱ་རོག་རྫོང་གི་རྫོང་དཔོན་དུ་བསྐོས་ཏེ་ལོ་དྲུག་ཙམ་བསྡད། དེ་ནས་སླར་ཡང་འཕགས་པའི་ཉེ་གནས་ཀྱིས་གོང་མ་སེ་ཆེན་ཧན་ལ་ཕྲ་མ་མང་དུ་ཞུས་རྐྱེན། རབ་བྱུང་དང་པོའི་ལྕགས་འབྲུག་(༡༢༨༠)ལོར་མི་ཆེན་སང་གྷ་བ་སོགས་ཧོར་དམག་ཁྲི་ཕྲག་མང་པོ་བཏང་ནས་བྱ་རོག་རྫོང(མྱང་སྟོད་མང་ར་)གི་མཐའ་བསྐོར་ཏེ་ཀུན་དགའ་བཟང་པོ་འཛིན་བཟུང་བྱས་ནས་སྲོག་ཐོག་བཏང། འདིའི་ལོ་རྒྱུས་སྐོར་སྟག་ཚང་པ་དཔལ་འབྱོར་བཟང་པོས་བརྩམས་པའི་(རྒྱ་བོད་ཡིག་ཚང་)སྨད་ཆར་གསལ་བ་དང། འགྲོ་མགོན་འཕགས་པའི་རྣམ་ཐར་སོགས་དང་བལྟ་བསྡུར་བྱས་ཏེ་བྲིས།
- language:
- Tibetan
2. Thupten Phuntsok Dictionary
ས་སྐྱའི་དཔོན་ཆེན་མི་ཐོག་གཉིས་པ། ཐོག་མར་ནང་གཉེར་བྱས། དེ་རྗེས་དཔོན་ཆེན་ཤཱཀྱ་བཟང་པོ་འདས་པའི་ལོ་དེར། ས་སྐྱའི་དཔོན་ཆེན་དུ་བསྐོས་ནས་ལོ་དྲུག་རིང་ཤཱཀྱ་བཟང་པོས་བསྒྲུབ་མ་ཐུབ་པར་ལུས་པའི་ལྷ་ཁང་ཆེན་མོའི་འོག་ཐོག་དང་ཐོག་ཁང་། ལྕགས་རི། རྒྱ་ཕིབས་སོགས་དང་། རིན་ཆེན་སྒང་བླ་བྲང་། ལྷ་ཁང་བླ་བྲང་། དབུ་རྩེ་བྱང་བཅས་ལེགས་པར་བསྒྲུབས། རྗེས་སུ་འགྲོ་མགོན་འཕགས་པ་བོད་དུ་ཐེངས་གཉིས་པ་ཕེབས་སྐབས་འཕགས་པ་དང་ཐུགས་མ་མཐུན་པ་བྱུང་ཡང་ཟེར། འཕགས་པའི་ཉེ་གནས་ཀྱིས་ཐོག་མར་འཕགས་པ་དང་དཔོན་ཆེན་བར་དཀྲུགས་ཤིང་བྱས། རྗེས་སུ་གོང་མ་སེ་ཆེན་ལ་དཔོན་ཆེན་གྱིས་བླ་མའི་བཀའ་ལ་རྩིས་མེད་བྱས་པ་སོགས་ཕྲ་མ་མང་དུ་ཞུས་རྐྱེན། ཀུན་དགའ་བཟང་པོའི་དཔོན་ཆེན་གྱི་གོ་གནས་ཕབས་ཏེ་བྱ་རོག་རྫོང་གི་རྫོང་དཔོན་དུ་བསྐོས་ཏེ་ལོ་དྲུག་ཙམ་བསྡད། དེ་ནས་སླར་ཡང་འཕགས་པའི་ཉེ་གནས་ཀྱིས་གོང་མ་སེ་ཆེན་ཧན་ལ་ཕྲ་མ་མང་དུ་ཞུས་རྐྱེན། རབ་བྱུང་དང་པོའི་ལྕགས་འབྲུག (༡༢༨༠) ལོར་མི་ཆེན་སང་གྷ་བ་སོགས་ཧོར་དམག་ཁྲི་ཕྲག་མང་པོ་བཏང་ནས་བྱ་རོག་རྫོང་ (མྱང་སྟོད་མང་ར) གི་མཐའ་བསྐོར་ཏེ་ཀུན་དགའ་བཟང་པོ་འཛིན་བཟུང་བྱས་ནས་སྲོག་ཐོག་བཏང་།
- language:
- Tibetan
3. gangs can mkhas grub rim byon ming mdzod
ཁོང་གི་འཁྲུངས་ལོ་མི་གསལ། རབ་བྱུང་ལྔ་པའི་ལྕགས་མོ་སྦྲུལ་ལོ་སྟེ་སྤྱི་ལོ 1281 ལོར་བྱ་རོག་རྫོང་དུ་ཧོར་དམག་གིས་ཁྲིམས་ལ་[1008]སྦྱར་ནས་སྲོག་ཐོག་བཏང་། ཁོང་ནི་ཐོག་མར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ནང་གཉེར་བ་ཡིན། རབ་བྱུང་ལྔ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ 1270 ལོར་ས་སྐྱའི་དཔོན་ཆེན་གྱི་གོ་གནས་བཟུང་སྟེ། དཔོན་ཆེན་ཤཱཀྱ་བཟང་པོས་བསྒྲུབ་མ་ཐུབ་པར་ལུས་པའི་ལྷ་ཁང་ཆེན་མོའི་འོག་ཐོག་དང་། ཐིག་ཁང་། ལྕགས་རི། རྒྱ་ཕིབས་སོགས་དང་། རིན་ཆེན་སྒང་བླ་བྲང་དང་། ལྷ་ཁང་བླ་བྲང་། དབུ་རྩེ་བྱང་། གསེར་འཕྲུ་ཆེན་མོ་བཅས་གསར་བཞེངས་མཛད་དེ་ལོ་དྲུག་གི་རིང་དུ་ས་སྐྱ་བསྐྱངས། འགྲོ་མགོན་ཆོས་རྒྱལ་འཕགས་པ་བོད་དུ་ཐེངས་གཉིས་པ་ཕེབས་སྐབས་དཔོན་གཡོག་གཉིས་ཐུགས་མ་མཐུན་པར་གྲགས། འགྲོ་མགོན་འཕགས་པའི་ཉེ་གནས་རྣམས་ཀྱིས་གོང་མ་སེ་ཆེན་ལ་ཕྲ་མ་ཞུས་རྐྱེན་ཀུན་དགའ་བཟང་པོའི་དཔོན་ཆེན་གྱི་གོ་གནས་ཕབ་སྟེ་བྱ་རོག་རྫོང (མྱང་སྟོད་མང་ར) གི་རྫོང་དཔོན་དུ་བསྐོས་ནས་ལོ་དྲུག་ཙམ་བཞུགས། དེ་ནས་སླར་ཡང་འཕགས་པའི་ཉེ་གནས་རྣམས་ཀྱིས་གོང་མ་སེ་ཆེན་ལ་ཕྲ་མ་མང་དུ་ཞུས་མཐར་མི་ཆེན་སང་གྷ་ཆིང་སང་གིས་ཧོར་དམག་ཁྲི་ཕྲག་མང་པོ་དྲངས་ཏེ་བྱ་རོག་རྫོང་བཅོམ་ནས་རྫོང་དཔོན་ཀུན་དགའ་བཟང་པོ་འཛིན་བཟུང་བྱས་ཤིང་སྲོག་ཐོག་བཏང་ངོ་། འགྲོ་མགོན་ཆོས་རྒྱལ་འཕགས་པའི《རྣམ་ཐར》དང་《རྒྱ་བོད་ཡིག་ཚང》སོགས་སུ་དཔོན་ཆེན་ཀུན་དགའ་བཟང་པོའི་ཁྲིམས་འགལ་ནག་ཉེས་ཀྱི་སྐོར་ནི་ཚིག་གཅིག་ཀྱང་མི་འདུག ཁོང་ནི་ས་སྐྱའི་དཔོན་ཐོག་གཉིས་པ་ཡིན་ནོ། །
- language:
- Tibetan