- dpon slob 'jam dbyangs blo gter dbang po
- ID:
- T236115
- དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་པོ (Tibetan, Tibetan script, Original)
- > dpon slob 'jam dbyangs blo gter dbang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > pönlob jamyang lo ter wangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྤྱི་ལོ (༡༨༤༧) མེ་ལུག་ལོར་གཙང་གཡས་རུ་གཞིས་ཀ་བསམ་འགྲུབ་རྩེར་བལྟམས། དགུང་ལོ་དགུ་པར་ངོར་ཨེ་ཝཾ་དུ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་ལ་གཙུག་ཕུད་ཕུལ། ལྗོན་ཤིང་ཆེན་མོ་ཐུགས་འཛིན་སྐབས་རྗེ་བཙུན་གྲགས་པ་རྒྱལ་མཚན་མནལ་ལམ་དུ་མཇལ། མཁན་ཆེན་བྱམས་པ་ཀུན་དགའ་དང་ཁུ་ནུ་ཤེས་རབ་རྒྱ་མཚོ། མཁན་མི་ཕམ་སེང་གེ་རབ་རྒྱས། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཐུབ་བསྟན་ཆོས་གྲགས། འཇམ་དབྱངས་མཁྱེན་བརྩེ་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས། འཇུ་མི་ཕམ་པ་སོགས་བསྟེན་ནས་སྒྲ་ཚད་དང་སྤྱོད་འཇུག བྱམས་ཆོས། སྡོམ་གསུམ། འཇུག་པ་སོགས་ལ་མཁས་པར་སྦྱངས་ཤིང་། གསར་ཕྱོགས་རྒྱུད་སྡེའི་དབང་བཀའ་སུམ་བརྒྱ་ལྷག་དང་ལམ་འབྲས་ཚོགས་སློབ། རྗེས་གནང་སྒྲུབ་ཐབས་སྟོང་ཕྲག་ཙམ་གྱི་ལུང་བཅས་གསན། སྒྲུབ་ཐབས་ཀུན་བཏུས་པོད་བཅུ་བཞི་པར་དུ་བཞེངས་ཤིང་། སྐྱེ་རྒུ་དོན་གྲུབ་གླིང་དང་སྡེ་དགེ་ལྷུན་གྲུབ་སྟེང་སོགས་སུ་རྒྱུད་སྡེ་ཀུན་བཏུས་དང་ལམ་འབྲས་སོགས་ཀྱི་གསུང་ཆར་བསྙིལ། དགུང་ལོ་རེ་བརྒྱད་པ་ཤིང་སྟག་ལོར་དག་ཞིང་དུ་གཤེགས་སོ། །
- language:
- Tibetan