- dpyi yi 'khor mig
- ID:
- T236147
- དཔྱི་ཡི་འཁོར་མིག (Tibetan, Tibetan script, Original)
- > dpyi yi 'khor mig (Tibetan, Latin script, Transliteration-THL Extended Wylie Transliteration)
- > chi yi khor mik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྐང་པ་འདེགས་འཇོག་བྱེད་སྐབས་ཁ་འཁོར་བའི་དཔྱི་རུས་དང་བརླ་རྐང་བར་འབྲེལ་བའི་དཔྱི་ཚིགས་འབུར་པོ་མིག་རིལ་ལྟ་བུ་དེ་དང་། དེ་གནས་སའི་རུས་ཁྱིམ་གཉིས་ཀྱི་མིང་སྟེ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་མཛད་པའི་ལུས་ཐིག་ཟླ་བ་ནོར་བུའི་མེ་ལོང་ལས། གཞུག་གུ་ཆུང་ནས་སྣག་པོ་ཆེ་ཡི་སྟེང་། མཛུབ་གང་བཅལ་བ་དཔྱི་ཡི་འཁོར་མིག་གཉིས། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan