- spang sgang dgon
- ID:
- T236175
- སྤང་སྒང་དགོན (Tibetan, Tibetan script, Original)
- > spang sgang dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > pang gang gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དགོན་འདི་འདེབས་མཁན་འབྲོག་སྤང་སྒང་བློ་བཟང་རྣམ་རྒྱལ་ཡིན། འདེབས་དུས་མ་གསལ། བླ་མ་འདི་ཆུང་དུས་ནས་ལྷ་སར་ཕེབས། དགའ་ལྡན་ཤར་རྩེའི་གྲྭ་ཚང་དུ་ཞུགས། དགུང་ལོ་ཉེར་བདུན་སྐབས་དགེ་བཤེས་ཀྱི་མཚན་རྟགས་ཐོབ། དེ་ནས་རང་ཡུལ་དུ་ལོག་ནས་དགོན་པ་འདི་བཏབ་པར་ཡུལ་འདིར་རི་བོ་དགེ་ལྡན་པའི་དགོན་པ་ཐོག་མར་ཡིན་ཟེར། དེ་རྗེས་ཡང་ལྷ་སར་ཕེབས། སོག་དམག་ཁྲིད་ནས་ཕྱག་ཕྲེང་ཡུལ་དགོན་ཐམས་ཅད་དབང་དུ་བསྡུས། ཕྱག་ཕྲེང་ཡུལ་གྱི་དགོན་པ་ཐམས་ཅད་གཅིག་ཏུ་བསྡུས་ནས་ཕྱག་ཕྲེང་བསམ་འཕེལ་གླིང་གི་དགོན་པ་གསར་དུ་བཏབ། གྲུབ་མཐའ་དགེ་ལུགས་པ་ཡིན། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་ཁོངས་སུ་ཡོད།
- language:
- Tibetan