- spang dreg 'dzugs pa
- ID:
- T236179
- སྤང་དྲེག་འཛུགས་པ (Tibetan, Tibetan script, Original)
- > spang dreg 'dzugs pa (Tibetan, Latin script, Transliteration-THL Extended Wylie Transliteration)
- > pang drek dzukpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
རྒྱ་སྲོལ་རི་མོའི་ཐབས་རྩལ་ཞིག་ཡིན། མིང་རྒྱལ་རབས་སྐབས་ཀྱི་ཐང་ཀྲི་ཆི་ཡིས་སྤང་དྲེག་འཛུགས་སྟངས་ཀྱི་སྐོར་གླེང་གསལ་དུ་བྲག་རྡོའི་གསེང་དུ་སྤང་དྲེག་འཛུགས་དགོས་པ་དང་། དེ་ཡང་འགའ་ཞིག་ཙམ་དང་། འགའ་ཞིག་ཧྲལ་ཙམ། འགའ་ཞིག་ཚོ་ཙམ། འགའ་ཞིག་སྐྱ་ཙམ། མང་མི་དྲགས་པ། ཉུང་མི་དྲགས་པ་རྫོབ་མི་དྲགས་པ། ཐ་ཐོར་མ་ཡིན་པ་བཅས་དགོས་ཞེས་བཤད་ཡོད། གནའ་བོའི་རི་མོའི་ནང་གི་སྤང་དྲེག་འཛུགས་སྟངས་ནི་འཕྲེད་ལ་འཛུགས་སྲོལ་ཡོད་ལ་གཞུང་ལའང་འཛུགས་སྲོལ་ཡོད། རྩ་བ་ནས་མི་འཛུགས་པའང་ཡོད། སྐབས་རེ་བྲག་རི་འབྲི་སྐབས་ལས་འཛོལ་བྱུང་སའི་གནས་དེར་སྤང་དྲེག་བཙུགས་པ་ཡིན་ན་སྐྱོན་འགེབས་ཀྱི་ནུས་པ་ཐོན་གྱི་ཡོད་པའོ། །
- language:
- Tibetan