Skip to main content Skip to search
spu sgro 'bri thabs
ID:
T236216
  • སྤུ་སྒྲོ་འབྲི་ཐབས (Tibetan, Tibetan script, Original)
    • > spu sgro 'bri thabs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pu dro dri tab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྒྱ་སྲོལ་རི་མོའི་མཚོན་བྱེད་ཀྱི་ཐབས་རྩལ་གྲས་ཤིག་ཡིན། སྤུ་སྒྲོས་འབྲི་སྐབས་སྐྱ་རིས་དང་། བཅད་མེ་དྲོན་རིགས་གཉིས་ལ་དབྱེ་ཡོད། སྐྱ་རིས་ཀྱི་འབྲི་ཐབས་ནི་དང་ཐོག་སྣག་བཅད་ཀྱི་ཐོག་ནས་བྱ་རིགས་ཀྱི་གཟུགས་བརྙན་འབྲི་བ་དང་། དེ་རྗེས་སྣག་ཚ་སླ་པོས་ཕྱི་སྒྲོམ་དང་མཇུག་མ། གཤོག་པའི་སྤུ་སྒྲོ་བཅས་བྲིས་རྗེས་རང་རང་ཁ་དོག་སོ་སོའི་ཚོན་གཏོང་གི་ཡོད། བཅད་མེད་ཚོན་གྱི་འབྲི་ཐབས་ལའང་ཁག་གཉིས་ལ་དབྱེ་ཡོད་པ་སྟེ། གཅིག་ནི་པིར་ཁ་རློན་ཙམ་བྱས་ཏེ་སྣག་ཚའམ་ཚོན་མང་ཙམ་གྱིས་འབྲི་བཞིན་ཡོད། པིར་ཁ་སྐམ་ཙམ་བྱས་ནས་བྲིས་པའི་བྱ་ནི་གཟུགས་རིད་པའི་རྣམ་པ་ཐོན་པ་དང་། པིར་ཁ་རློན་ཙམ་བྱས་ནས་བྲིས་པའི་བྱ་རིགས་ནི་སྤྱིར་བཏང་གི་རྣམ་པ་ཐོན་གྱི་ཡོད། གཉིས་ཀར་དགེ་མཚན་ཡོད་ལ་སྐྱོན་ཆའང་ཡོད་པས་རི་མོ་མཁན་རང་ཉིད་ཀྱིས་སྟབས་བསྟུན་བྱེད་མཁས་པོ་བྱེད་དགོས་པ་ནི་གནད་ཀྱི་དམ་པའོ། །

language:
Tibetan