- spu rtse shel
- ID:
- T236220
- སྤུ་རྩེ་ཤེལ (Tibetan, Tibetan script, Original)
- > spu rtse shel (Tibetan, Latin script, Transliteration-THL Extended Wylie Transliteration)
- > pu tsé shel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
ཧོང་ལེན་གྱི་མིང་གི་རྣམ་གྲངས་ཤིག་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། སྤུ་རྩེ་ཤེལ་ནི་ཧོང་ལེན་གྱི་མིང་གི་རྣམ་གྲངས་ཤིག ཅེས་གསུངས་པ་ལྟར་དང་། གཞན་ཡང་དཔེ་རྙིང་འགར་སྤུ་རྩེ་ཤེལ། སྤུ་ཤེལ་རྩེ་རུ་བཅོས་པ་མཆིས་པས་མ་དག་པ་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་སྨན་ཀུན་བཅུད་དུ་བསྒྲུབ་པའི་ལག་ལེན་ཀུན་གསལ་སྣང་མཛོད་ལས། ཧོང་ལེན་མིང་ནི་སྤུ་རྩེ་ཤེལ་ཡིན་ཏེ། བཅོས་ནས་སྤུ་ཤེལ་རྩེ་ཞེས་འཁྲུལ་པ་མཐོང་། ཞེས་གསུངས་པ་ལྟར་རོ། །
- language:
- Tibetan