- spus tshor
- ID:
- T236241
- སྤུས་ཚོར (Tibetan, Tibetan script, Original)
- > spus tshor (Tibetan, Latin script, Transliteration-THL Extended Wylie Transliteration)
- > pü tsor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
བཟོ་དབྱིབས་སྐྲུན་པའི་སྒྱུ་རྩལ་གྱི་ནང་དུ་རི་མོ་ལྟ་བུར་མཚོན་ན་དངོས་པོ་གང་ཞིག་བྲིས་ཀྱང་དངོས་པོ་ངོ་མ་ལྟར་གྱི་ཇི་མ་ཇི་བཞིན་མཚོན་པར་བྱས་ཏེ། མི་རྣམས་ཀྱི་མཐོང་སྣང་ལ་དངོས་པོ་མི་འདྲ་བ་སོ་སོའི་ཁྱད་ཆོས་ཚོར་ཐུབ་ཀྱི་ཡོད། དཔེར་ན། ས་དང་། རྡོ། ཤིང་། རྨྱུག་མ། དཀར་ཡོལ། ཤེལ་སྒོ། རས་ཆ། མཁའ་རླུང་། ཆུ་བོ་སོགས་དངོས་པོ་སོ་སོའི་མཉེན་མཁྲེགས་དང་། དྭངས་གསལ། རབ་རིབ། ཕྲ་སྦོམ། གྲུ་བཞིའམ་ཟླུམ་པོ། གསལ་མུན། འོད་སྣང་བཅས་ཀྱི་ཁྱད་ཆོས་མངོན་པ་བྱེད་ཀྱི་ཡོད་ཅིང་། རི་མོའི་ཐོག་བཅད་དང་། གསལ་མུན་ཚོན་མདོག པིར་རྗེས་བཅས་ལ་བརྟེན་ནས་དངོས་པོའི་སྤུས་ཚོར་ཐོན་པ་བྱེད་ཀྱི་ཡོད། འབུར་བརྙན་སྒྱུ་རྩལ་ལ་མཚོན་ན་རྒྱུ་ཆ་སྣ་ཚོགས་སྤྱད་དེ་འབུར་གཟུགས་ཀྱི་དབྱིབས་སྐྲུན་ལ་བརྟེན་ནས་དངོས་པོའི་སྤུས་ཚོར་མཚོན་པ་བྱེད་ཀྱི་ཡོད།
- language:
- Tibetan