Skip to main content Skip to search
spo bo kaHgnam sde pa
ID:
T236258
  • སྤོ་བོ་ཀཿགནམ་སྡེ་པ (Tibetan, Tibetan script, Original)
    • > spo bo kaHgnam sde pa (Tibetan, Latin script, Transliteration-THL Extended Wylie Transliteration)
    • > powo kah nam depa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སྤོ་བོ་ནི་དེ་སྔ་ཕྱི་རོལ་དང་འབྲེལ་གཏུགས་ཧ་ཅང་ཉུང་་བའི་ཚོ་པ་ཆུང་གྲས་ཤིག་ཡིན་། ལོ་རྒྱས་ཐོག་ས་ཁུལ་དེའི་ཚོ་དཔོན་ལ་ཀཿགནམ་སྡེ་པ་འམ་ཀཿགནམ་རྒྱལ་པོ་ཡང་འབོད། ཀཿགནམ་རྒྱལ་པོའི་མངའ་ཁོངས་ལ་སྤོ་ལུང་མ་བུ་དྲུག་དང། མོན་ཚོ་ཁག་ལྔ། ལྷོ་གྲྭ་དཀར་ནག་སོགས་འདུས་ཡོད། དུས་རབས་བཅོ་བརྒྱད་པའི་དུས་སྐབས་སུ་བོད་ས་གནས་སྲིད་གཞུང་གིས་སྤོ་བོ་ས་ཁུལ་ལ་བདག་སྐྱོང་བྱས་ཏེ་ཕུ་ལུང་རྫོང་དང། ཤུལ་མོ་རྫོང། གཡུ་རི་རྫོང། ཐད་སྟོད་རྫོང་སོགས་ལ་རྫོང་དཔོན་བཏང་བ་དང། ཆུ་མདོར་སྤྱི་ཁྱབ་དོ་དམ་པ་མངག་གཏོང་གིས་ས་ཁུལ་དེ་དག་ནས་ཁྲལ་རིགས་བསྡུ་ལེན་བྱེད་པ་རེད།

language:
Tibetan

2. Thupten Phuntsok Dictionary

སྤོ་བོ་ནི་དེ་སྔ་ཕྱི་རོལ་དང་འབྲེལ་གཏུགས་ཧ་ཅང་ཉུང་བའི་ཚོ་པ་ཆུང་གྲས་ཤིག་ཡིན། ལོ་རྒྱུས་ཐོག་ས་ཁུལ་འདིའི་ཚོ་དཔོན་ལ་ཀཿགནམ་སྡེ་པའམ་ཀཿགནམ་རྒྱལ་པོ་ཡང་འབོད། ཀཿགནམ་རྒྱལ་པོའི་མངའ་ཁོངས་ལ་སྤོ་ལུང་མ་བུ་དྲུག་དང་། མོན་ཚོ་ཁག་ལྔ། ལྷོ་གྲྭ་དཀར་ནག་སོགས་འདུས་ཡོད། དུས་རབས་བཅོ་བརྒྱད་པའི་སྐབས་སུ་བོད་ས་གནས་སྲིད་གཞུང་གིས་སྤོ་བོ་ས་ཁུལ་ལ་བདག་སྐྱོང་བྱས་ཏེ་ཕུ་ལུང་རྫོང་དང་། ཤུལ་མོ་རྫོང་། གཡུ་རི་རྫོང་། ཐང་སྟོད་རྫོང་སོགས་ལ་རྫོང་དཔོན་བཏང་བ་དང་། ཆུ་མདོར་སྤྱི་ཁྱབ་དོ་དམ་པ་མངག་གཏོང་གིས་ས་ཁུལ་དེ་དག་ནས་ཁྲལ་རིགས་བསྡུ་ལེན་བྱེད་པ་རེད།

language:
Tibetan