- spyan snga grags pa byang chub
- ID:
- T236298
- སྤྱན་སྔ་གྲགས་པ་བྱང་ཆུབ (Tibetan, Tibetan script, Original)
- > spyan snga grags pa byang chub (Tibetan, Latin script, Transliteration-THL Extended Wylie Transliteration)
- > chen nga drakpa changchub (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ལྷོ་ཁ་འབྲུག་དང་འདབ་ཆགས་པ་དགོན་གསར་དུ་དཔོན་རིན་རྡོར་བ་དང་། ཡུམ་ཟིན་ཟ་བཀྲ་ཤིས་སྐྱིད་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་སྤྲེལ་(༡༣༥༦)ལོར་སྐུ་འཁྲུངས། མེ་སྟག་(༡༣༨༦)ལོར་སྐུ་གཤེགས། དགུང་ལོ་བཅུ་གཉིས་ལ་སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ་ཀྱི་ཞབས་ལ་གཏུགས་ཏེ་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ཡང་གྲགས་པ་བྱང་ཆུབ་ཅེས་གསོལ། ཆུ་མོ་ལོ་ལ་ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱིས་གཙོས་པའི་དགེ་མསུན་ཉི་ཤུ་རྩ་གསུམ་གྱི་དབུས་སུ་བསྙེན་པར་རྫོགས་པར་མཛད། རྗེ་ཙོང་ཁ་པས་ཀྱང་འདིར་ཆོས་འབྲེལ་མང་པོ་གསན་ཏེ། རྗེ་ཙོང་ཁ་པས་མཛད་པའིའདི་པའིརྣམ་ཐར་ཞིག་ཀྱང་ཡོད། ཐོས་བསམ་སྒོམ་སྒྲུབ་མཛད་ཚུལ་སོགས་ལོ་རྒྱུས་ཀྱི་ཡིག་ཆ་གཞན་ལས་ཤེས་པར་བྱའོ།།
- language:
- Tibetan
2. Thupten Phuntsok Dictionary
ལྷོ་ཁ་ཁྲ་འཕྲུག་དང་འདབ་ཆགས་པ་དགོན་གསར་དུ་དཔོན་རིན་རྡོར་བ་དང་། ཡུམ་ཟིན་ཟ་བཀྲ་ཤིས་སྐྱིད་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་སྤྲེལ (༡༣༥༦) ལོར་སྐུ་འཁྲུངས། མེ་སྟག (༡༣༨༦) ལོར་སྐུ་གཤེགས། དགུང་ལོ་བཅུ་གཉིས་ལ་སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ་ཀྱི་ཞབས་ལ་གཏུགས་ཏེ་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ཡང་གྲགས་པ་བྱང་ཆུབ་ཅེས་གསོལ། ཆུ་མོ་ལོ་ལ་ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱིས་གཙོས་པའི་དགེ་འདུན་ཉི་ཤུ་རྩ་གསུམ་གྱི་དབུས་སུ་བསྙེན་པར་རྫོགས་པར་མཛད། རྗེ་ཙོང་ཁ་པས་ཀྱང་འདིར་ཆོས་འབྲེལ་མང་པོ་གསན་ཏེ། རྗེ་ཙོང་ཁ་པས་མཛད་པའི་འདི་བའི་རྣམ་ཐར་ཞིག་ཀྱང་ཡོད། ཐོས་བསམ་སྒོམ་སྒྲུབ་མཛད་ཚུལ་སོགས་ལོ་རྒྱུས་ཀྱི་ཡིག་ཆ་གཞན་ལས་ཤེས་པར་བྱའོ། །
- language:
- Tibetan