- spyan snga grags pa rin chen
- ID:
- T236300
- སྤྱན་སྔ་གྲགས་པ་རིན་ཆེན (Tibetan, Tibetan script, Original)
- > spyan snga grags pa rin chen (Tibetan, Latin script, Transliteration-THL Extended Wylie Transliteration)
- > chen nga drakpa rinchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
རྗེ་འདི་ལ་ཕག་གྲུ་གཅུང་རྒྱ་བོའམ་གཉིས་མཆོད་པ་གྲགས་པ་རིན་ཆེན་ཡང་ཟེར། རབ་བྱུང་བཞི་པའི་ལྕགས་ཁྱི་(༡༢༥༠)ལོར་འཁྲུངས། དགུང་ལོ་བཞི་བཅུ་པ་རབ་བྱུང་ལྔ་པའི་ས་གླང་(༡༢༨༩)ལོར་ཐེལ་གྱི་གདན་སར་ཕེབས་ཏེ་ཁྲི་དཔོན་ཟུར་དུ་མ་བསྐོས་པར་བླ་དཔོནསྦྲགས་མ་མཛད། དོ་སྔོན། རྒྱལ་ཐང་། སྨོན་མཁར། མོན་ཁ་སོགས་ཕག་གྲུའི་འཛིན་དབང་ས་སྡེ་སྔོན་ཤོར་མང་པོ་ཕྱག་རྫས་ཀྱིས་བླུ་བར་མཛད་པས། ཕག་གྲུའི་ཁྲི་བསྐོར་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་བྱུང་། དམ་པ་འདི་ཉིད་ཀྱིས་ཐེལ་དུ་ཆོས་སྲིད་ཀྱི་མཛད་པ་ལོ་ཉེར་གཉིས་བསྐྱངས་མཐར། དགུང་གྲངས་དྲུག་ཅུ་རེ་གཅིག་པ་རབ་བྱུང་ལྔ་པའི་ལྕགས་ཁྱི་(༡༣༡༠)ལོར་བོད་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་སྐུ་གཤེགས།།
- language:
- Tibetan
2. Thupten Phuntsok Dictionary
རྗེ་འདི་ལ་ཕག་གྲུ་གཅུང་རྒྱ་བོའམ་གཉིས་མཆོད་པ་གྲགས་པ་རིན་ཆེན་ཡང་ཟེར། རབ་བྱུང་བཞི་པའི་ལྕགས་ཁྱི (༡༢༥༠) ལོར་འཁྲུངས། དགུང་ལོ་བཞི་བཅུ་པ་རབ་བྱུང་ལྔ་པའི་ས་གླང་ (༡༢༨༩) ལོར་ཐེལ་གྱི་གསན་སར་ཕེབས་ཏེ་ཁྲི་དཔོན་ཟུར་དུ་མ་བསྐོས་པར་བླ་དཔོན་སྦྲགས་མ་མཛད། དོ་སྔོན། རྒྱལ་ཐང་། སྨོན་མཁར། མོན་ཁ་སོགས་ཕག་གྲུའི་འཛིན་དབང་ས་སྡེ་སྔོན་ཤོར་མང་པོ་ཕྱག་རྫས་ཀྱིས་བླུ་བར་མཛད་པས། ཕག་གྲུའི་ཁྲི་བསྐོར་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་བྱུང་། དམ་པ་འདི་ཉིད་ཀྱིས་ཐེལ་དུ་ཆོས་སྲིད་ཀྱི་མཛད་པ་ལོ་ཉེར་གཉིས་བསྐྱངས་མཐར། དགུང་གྲངས་དྲུག་ཅུ་རེ་གཅིག་པ་རབ་བྱུང་ལྔ་པའི་ལྕགས་ཁྱི (༡༣༡༠) ལོའི་བོད་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་སྐུ་གཤེགས།
- language:
- Tibetan