- spyan ras gzigs 'jigs pa brgyad skyobs
- ID:
- T236318
- སྤྱན་རས་གཟིགས་འཇིགས་པ་བརྒྱད་སྐྱོབས (Tibetan, Tibetan script, Original)
- > spyan ras gzigs 'jigs pa brgyad skyobs (Tibetan, Latin script, Transliteration-THL Extended Wylie Transliteration)
- > chenrezik jikpa gyé kyob (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
༡ ཤར་ཕྱོགས་མེའི་འཇིགས་སྐྱོབས་མཛད། ཟླ་མདོག་ཞལ་གཅིག་ཕྱག་བཞི་པ། གཡས་པ་སྐྱབས་སྤྱིན་རྔ་ཡབ་འཛིན། གཡོན་པས་པདྨ་ཆུ་ཤེལ་འཛིན། ༢ ཤར་ལྷོའི་ཆུའི་འཇིགས་སྐྱོབས་མཛད། དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་རིན་ཆེན་འཛིན། གཡོན་པས་པདྨ་འཁོར་ལོ་འཛིན། ༣ ལྷོ་རུ་སེང་གེ་འཇིགས་སྐྱོབས་མཛད། གསེར་མདོག་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་ནོར་བུ་འཛིན། གཡོན་པས་པདྨ་པོ་ཏི་འཛིན། ༤ ལྷོ་ནུབ་གླང་པོའི་འཇིགས་སྐྱོབས་མཛད། དམར་གསལ་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་ཨུཏྤལ་འཛིན། གཡོན་པས་པདྨ་མེ་ཤེལ་འཛིན། ༥ ནུབ་ཏུ་རྒྱལ་པོའི་འཇིགས་སྐྱོབས་མཛད། དམར་གསལ་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་ལྕགས་ཀྱུ་འཛིན། གཡོན་པས་པདྨ་ཞགས་པ་འཛིན། ༦ ནུབ་བྱང་ཀླུའི་འཇིགས་སྐྱོབས་འཛད། དཀར་ཤའི་མདོག་ཅན་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་རྒྱལ་མཚན་འཛིན། གཡོན་པས་པདྨ་གུ་དྷེ་བསྣམས། ༧ བྱང་དུ་མཁའ་འགྲོའི་འཇིགས་སྐྱོབས་མཛད། སྔོན་པོ་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྦྱིན་རྩེ་གསུམ་འཛིན། གཡོན་པས་པདྨ་བྷནྡ་འཛིན། ༨ བྱང་ཤར་མི་རྒོད་འཇིགས་སྐྱོབས་མཛད། ཨནྟྲིའི་མདོག་ཅན་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་རྡོ་རྗེ་འཛིན། གཡོན་པས་པདྨ་དྲིལ་བུ་འཛིན། ཀུན་ཀྱང་ཟླ་དཀྱིལ་ཞལ་འཛུམ་ལྡན། ཅུང་གྲོས་དར་དང་རིན་ཆེན་བརྒྱད། སྟག་ཤམ་དང་བཅས་སྐུ་ཡིད་ཙམ། བཟུང་ཞིང་ཞབས་གཉིས་སེམས་དཔའ་ཡི། ཕྱེད་སྐྱིལ་ཚུལ་དུ་བཞུགས་པའོ།།།
- language:
- Tibetan
2. Thupten Phuntsok Dictionary
༡ཤར་ཕྱོགས་མེའི་འཇིགས་སྐྱོབས་མཛད། ཟླ་མདོག་ཞལ་གཅིག་ཕྱག་བཞི་པ། གཡས་པ་སྐྱབས་སྦྱིན་རྔ་ཡབ་འཛིན། གཡོན་པས་པདྨ་ཆུ་ཤེལ་འཛིན། ༢ ཤར་ལྷོར་ཆུའི་འཇིགས་སྐྱོབས་མཛད། དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་རིན་ཆེན་འཛིན། གཡོན་པས་པདྨ་འཁོར་ལོ་འཛིན། ༣ ལྷོ་རུ་སེང་གེ་འཇིགས་སྐྱོབས་མཛད། གསེར་མདོག་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་ནོར་བུ་འཛིན། གཡོན་པས་པདྨ་པོ་ཏི་འཛིན། ༤ ལྷོ་ནུབ་གླང་པོའི་འཇིགས་སྐྱོབས་མཛད། དམར་གསལ་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་གཞི་རྩའི་རྩ་ཨུཏྤལ་འཛིན། གཡོན་པས་པདྨ་མེ་ཤེལ་འཛིན། ༥ ནུབ་ཏུ་རྒྱལ་པོའི་འཇིགས་སྐྱོབས་མཛད། དམར་གསལ་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་ལྕགས་ཀྱུ་འཛིན། གཡོན་པས་པདྨ་ཞགས་པ་འཛིན། ༦ ནུབ་བྱང་ཀླུའི་འཇིགས་སྐྱོབས་མཛད། དཀར་ཤའི་མདོག་ཅན་ཞག་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་རྒྱལ་མཚན་འཛིན། གཡོན་པས་པདྨ་གུ་དྷི་བསྣམས། ༧ བྱང་དུ་མཁའ་འགྲོའི་འཇིགས་སྐྱོབས་མཛད། སྔོན་པོ་ཞལ་གཅིག་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་རྩེ་གསུམ་འཛིན། གཡོན་པས་པདྨ་བྷནྡ་འཛིན། ༨ བྱང་ཤར་མི་རྒོད་འཇིགས་སྐྱོབས་མཛད། ཨནྟྲིའི་མདོག་ཅན་ཕྱག་བཞི་པ། གཡས་པས་སྐྱབས་སྦྱིན་རྡོ་རྗེ་འཛིན། གཡོན་པས་པདྨ་དྲིལ་བུ་འཛིན། ཀུན་ཀྱང་ཟླ་དཀྱིལ་ཞལ་འཛུམ་ལྡན། ཅུང་གྲོས་དར་དང་རིན་ཆེན་བརྒྱད། སྟག་ཤམ་དང་བཅས་སྐུ་ཡིད་ཙམ། བཟུང་ཞིང་ཞབས་གཉིས་སེམས་དཔའ་ཡི། ཕྱེད་སྐྱིལ་ཚུལ་དུ་བཞུགས་པའོ། །
- language:
- Tibetan