- spyi tshogs 'gan srung
- ID:
- T236386
- སྤྱི་ཚོགས་འགན་སྲུང (Tibetan, Tibetan script, Original)
- > spyi tshogs 'gan srung (Tibetan, Latin script, Transliteration-THL Extended Wylie Transliteration)
- > chi tsok gen sung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(1)མང་ཚོགས་ཀྱི་ཁེ་ཕན་ཐད་ཀྱི་སྤྱི་ཚོགས་ཀྱི་ལམ་ལུགས་ཤིག་ཡིན་ཏེ། རྒྱལ་ཁབ་དང་སྤྱི་ཚོགས་སྤྱི་ཡིས་སྤྱི་དམངས་ཀྱི་མ་མཐའི་འཚོ་གནས་ལ་མཁོ་བའི་དངོས་པོའི་འཚོ་བའི་རྒྱུ་ཆ་འགན་སྲུང་བྱེད་པའི་དཔལ་འབྱོར་གྱི་འགན་སྲུང་ཞིག་སྟེ། སྤྱི་ཚོགས་འགན་བཅོལ་དང་། སྤྱི་ཚོགས་ཁེ་ཕན། སྤྱི་ཚོགས་སྐྱོབ་གསོ། སྨན་བཅོས་བདེ་སྲུང་། སྤྱི་ཚོགས་ཞབས་ཞུ་སོགས་ཚུད་ཡོད། (2)འཚོལ་བར་དཀའ་ངལ་ཡོད་པས་རྒྱལ་ཁབ་དང་སྤྱི་ཚོགས་ནས་དངོས་པོའི་རོགས་སྐྱོར་དང་འཚོ་བའི་ཞབས་ཞུ་དང་ལེན་བྱས་པར་གོ རྒྱས་པར་བཤད་ན་ཁོར་ཡུག་འགན་སྲུང་དང་། བདེ་འཇགས་འགན་སྲུང་། སྲིད་ཁྲིམས་འགན་སྲུང་། ཁྱིམ་ཚང་འགན་སྲུང་། ལས་རིགས་འགན་སྲུང་། སློབ་གསོའི་འགན་སྲུང་སོགས་སྤྱི་ཚོགས་ཀྱི་དཔལ་ཡོན་དར་བའི་འགན་སྲུང་ལ་གོ
- language:
- Tibetan