Skip to main content Skip to search
spyi mtshan ring lugs
ID:
T236392
  • སྤྱི་མཚན་རིང་ལུགས (Tibetan, Tibetan script, Original)
    • > spyi mtshan ring lugs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > chi tsen ringluk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ཡོ་རོབ་དང་ཨ་རི་སོགས་ཀྱི་རྒྱལ་ཁབ་ནང་དར་ཁྱབ་ཆེ་བའི་སྒྱུ་རྩལ་གྱི་གྲུབ་མཐའ་ཞིག་ཡིན། དེ་ནི་སྤྱི་ལོ་ (༡༩༡༠) ལོར་འགོ་ཚུགས། ཁོ་ཚོས་རི་མོའི་ཐོག་སྤྱི་མཚན་ཙམ་གྱི་ཚོན་མདོག་དང་བཅས་སྤྱད་དེ་རྩེད་མོ་རྩེ་བ་ལྟར་གྱིས་འབྲི་དགོས་པའི་འདོད་ཚུལ་འཛིན་ནས། མཚམས་ཚད་མེད་པའི་སྒོ་ནས་གང་བྱུང་མང་བྱུང་དང་། ཟང་ཟིང་གིས་བྲིས་ཡོད། དུས་མཚུངས་ཕྱི་རོལ་ཡུལ་གྱི་དངོས་ཡོད་གཟུགས་དབྱིབས་དང་། འཚོ་བའི་ནང་དོན་རྣམས་མཐར་ཕྱིན་པའི་སྒོ་ནས་དོད་ཡོད། ཧྥ་རན་སིའི་པ་རིར་དེང་རབས་གསར་འགྱུར་གྱི་ཧྲ་ལུང་ཞེས་པའི་སྒྲིག་འཛུགས་ཀྱང་བཙུགས། སྤྱི་མཚན་རིང་ལུགས་དེ་ཨ་རིར་དེ་བས་དར་སྤེལ་ཤུགས་ཆེན་བྱུང་བ་ཡིན། དེ་རྗེས་ཧིན་རྡུ་དང་། རི་པིན་སོགས་ཀྱི་རྒྱལ་ཁབ་ལའང་ཁྱབ་སྤེལ་སོང་། ཁོ་ཚོས་ཐ་ན་བོང་བུའི་མཇུག་མ་དང་སྤྲའི་སྦར་མོ། བྱ་ཕོའི་རྐང་པ་སོགས་ཀྱིས་རི་མོ་འབྲི་བར་འཕེལ་རྒྱས་བཏང་ཡོད། ཨ་རིར་ད་དུང་ཆེད་མངགས་འགྲོ་གྲོན་བཏང་སྟེ་མཛེས་རྩལ་ཁང་བཙུགས་པ་དང་། སྤྱི་མཚན་གྱི་བརྩམ་བྱའི་རི་མོ་བསྡུ་ཉར་བྱས་ཡོད། དེའི་ཚབ་བྱེད་མི་སྣ་ནི་ཁང་ཏིང་སི་ཅི་དང་མེང་ཏ་ལེ་ཨན། པོ་ལོ་ཁ་སོགས་ཡིན་ནོ། །

language:
Tibetan