Skip to main content Skip to search
sprin 'khyud ri mo
ID:
T236475
  • སྤྲིན་འཁྱུད་རི་མོ (Tibetan, Tibetan script, Original)
    • > sprin 'khyud ri mo (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trin khyü rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ལི་མའི་ཡོ་ཆས་ཀྱི་རྒྱན་རིས་གྲས་ཤིག་ཡིན། རྩ་བའི་ཁྱད་རྟགས་ནི་མུ་འབྲེལ་གྱི་ནང་དུ་འཁྱིལ་བའི་བཅད་རིས་ལས་གྲུབ་པའི་རི་མོ་ཞིག་ཡིན། ཡང་འགའ་ཞིག་སྒོར་དབྱིབས་མུ་འབྲེལ་ལས་གྲུབ་པས་སྤྲིན་རིས་རྐྱང་པའང་ཟེར། འགའ་ཞིག་གྲུ་བཞིའི་དབྱིབས་མུ་འབྲེལ་ལས་གྲུབ་པས་དེར་སྤྲིན་འཁྱུད་རི་མོ་ཟེར། སྤྲིན་འཁྱུད་རི་མོ་ནི་ལི་མའི་ཡོ་ཆས་ཐོག་གི་ཁ་དང་ཞབས་རའི་རྒྱན་རིས་ཤིག་ཡིན། ཧྲང་དང་ཀྲོའུ་ནུབ་མའི་སྐབས་དར་སྲོལ་ཆེན་པོ་བྱུང་།

language:
Tibetan