Skip to main content Skip to search
sprin bcad rgyag thabs
ID:
T236479
  • སྤྲིན་བཅད་རྒྱག་ཐབས (Tibetan, Tibetan script, Original)
    • > sprin bcad rgyag thabs (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trin ché gyak tab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

རྒྱ་སྲོལ་རི་མོའི་ཐབས་རྩལ་གྱི་གྲས་ཤིག་ཡིན། དེ་ཡང་སྤྲིན་བཅད་ནི་སྦོམ་པོ་དང་ཕྲ་པོ་གཉིས་ལ་དབྱེ་ཡོད། ལྷག་དོན་དུ་སྤྲིན་པ་དང་སྨུག་པ་སོགས་ཀྱི་རྣམ་པ་དེ་རི་བོའི་ཚང་ཚིང་གི་ངོས་སུ་སྨུག་པ་འབྲི་སྐབས་སུ་གནམ་ཐིབ་པའི་སྨུག་པ་སྟུག་པོའི་འབྲི་ཐབས་དང་གནམ་དྭངས་པའི་སྨུག་པ་སྲབ་པོའི་འབྲི་ཐབས་སོགས་ཀྱི་ཐབས་རྩལ་མི་འདྲ་བས། སོ་སོའི་ཁྱད་ཆོས་མངོན་པའི་བཅད་ཀྱི་ཕྲ་སྦོམ་གཏོང་ཐབས་ལ་ཟེར་བ་ཡིན། འོན་ཀྱང་རི་མོ་མཁན་རང་ཉིད་ཀྱི་རྣམ་དཔྱོད་རྩལ་ལ་བརྟེན་ནས་སྟབས་བསྟུན་མཁས་པའི་འབྲི་རྩལ་སྤྱད་དགོས་པ་ནི་གནད་ཀྱི་དམ་པའོ།།

language:
Tibetan