Skip to main content Skip to search
sprul sku chos dbyings rgya mtsho
ID:
T236489
  • སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ (Tibetan, Tibetan script, Original)
    • > sprul sku chos dbyings rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tulku chöying gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

དུས་རབས་བཅུ་བདུན་པའི་དུས་སྟོད་ཙམ་ལ་གཙང་ཁུལ་དུ་སྐུ་འཁྲུངས། ཁོང་གིས་རིག་གནས་སྤྱི་ལ་སློབ་སྦྱོང་མཛད་པས་སྙན་ངག་དང་རི་མོའི་གནས་ལ་འགྲན་ཟླ་མ་མཆིས་པ་ཞིག་བྱུང་སྟེ་སྨན་གསར་བྲིས་རྒྱུན་གྱི་སྲོལ་བཏོད། ཁོང་གི་ཕྱག་བཟོའི་བརྩམ་བྱར་མཚོན་ན་དབེན་དགོན་གྱི་ལྡེབས་རིས་དང་། བཀྲ་ཤིས་ལྷུན་པོར་རྒྱལ་བ་བློ་བཟང་དོན་གྲུབ་དང་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་རྣམ་ཐར་རས་བྲིས་ཐང་ག ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་གྱི་ལྡེབས་རིས་ལས་འགྲོ་བ་མི་བྱུང་ཚུལ་དང་། རྒྱལ་བའི་འཁྲུངས་རབས་རྣམས་ཡིན།

language:
Tibetan