- sprul sku 'phreng kha ba dpal ldan blo gros bzang po
- ID:
- T236490
- སྤྲུལ་སྐུ་འཕྲེང་ཁ་བ་དཔལ་ལྡན་བློ་གྲོས་བཟང་པོ (Tibetan, Tibetan script, Original)
- > sprul sku 'phreng kha ba dpal ldan blo gros bzang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > tulku treng khawa palden lodrö zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དུས་རབས་བཅུ་དྲུག་པའི་དུས་མཇུག་ཙམ་ལ་གཙང་སྟོད་རྟ་ནག་རི་མཁར་ཞེས་པའི་ཡུལ་དུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་ཡི་གེ་འབྲི་ཀློག་དང་སུམ་རྟགས་སོགས་ལ་ཐུགས་གཞོལ། སྐུ་ནར་སོན་ནས་མཁས་པ་མང་པོ་སློབ་དཔོན་དུ་བསྟེན་ནས་རིག་གནས་ཆེ་ཆུང་ཚང་མར་སློབ་སྦྱོང་མཛད་དེ་མཁས་པར་གྱུར། ལྷག་པར་དུ་བྲིས་འབུར་གྱི་སྒྱུ་རྩལ་ལ་མངའ་བརྙེས་ནས་མཁས་པར་གྱུར། ཁོང་གི་ཕྱག་བཟོའི་བརྩམ་བྱར་མཚོན་ན། འབྲས་སྤུངས་སོགས་དགོན་པ་མི་ཉུང་བ་ཞིག་ལ་ཐང་ག་དང་། འཇིམ་བརྙན་སོགས་མང་པོ་ཡོད་པར་གྲགས། དེ་བཞིན་ལྷ་སྐུའི་ཆ་ཚད་མདོ་རྒྱུད་གསལ་བའི་མེ་ལོང་ཞེས་པ་སོགས་ལྗགས་རྩོམ་མང་པོ་ཡོད་པར་གྲགས།
- language:
- Tibetan