- sprul sku rim pa lnga
- ID:
- T236491
- སྤྲུལ་སྐུ་རིམ་པ་ལྔ (Tibetan, Tibetan script, Original)
- > sprul sku rim pa lnga (Tibetan, Latin script, Transliteration-THL Extended Wylie Transliteration)
- > tulku rimpa nga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
བོད་དབུས་གཙང་གཉིས་སུ་བླ་མ་སྤྲུལ་སྐུ་གོ་ས་མཐོ་དམན་དབང་གྱི་རིམ་པ་ལྡ། ༡.རྒྱལ་སྤྲུལ་(བླ་མ་སྤྲུལ་སྐུའི་ནང་ནས་བོད་གྱི་རྒྱལ་པོ་གནང་མྱོང་བའི་སྤྲུལ་སྐུ།)༢.ཧོ་ཐོག་ཐུ་(རྒྱལ་པོའི་སྤྲུལ་སྐུ་མིན་ཀྱང་མན་ཆིང་གོང་མའི་སྲིད་གཞུང་དང། ཏཱ་ལའི་བླ་མ། པན་ཆེན་གསུམ་གང་རིགས་ནས་ཧོ་ཐོག་ཐུའི་གོ་གནས་སྦྱིན་པའི་བླ་མའི་སྤྲུལ་སྐུ།)༣.ཚོགས་ཆེན་སྤྲུལ་སྐུ་(ཧོ་ཐོག་ཐུའི་འོག་གི་སྤྲུལ་སྐུ་གོ་གནས་མཐོ་བ་ཚོགས་ཆེན་འདུ་ཁང་ནང་ཁྲི་མཐོན་པོ་ཐོབ་པ།)༤.ཁྲི་སྤྲུལ་(དགའ་ལྡན་ཁྲི་པའི་སྤྲུལ་སྐུ།) ༥.མཁན་སྤྲུལ་(སེ་འབྲས་དགེ་གསུམ་དགོན་པ་ཁག་གི་མཁན་པོའི་སྤྲུལ་སྐུ་རྣམས་ཏེ་གྲ་ཚང་སྤྲུལ་སྐུ།)
- language:
- Tibetan
2. Thupten Phuntsok Dictionary
བོད་དབུས་གཙང་གཉིས་སུ་བླ་མ་སྤྲུལ་སྐུ་ལ་གོ་ས་མཐོ་དམན་གྱི་དབང་གི་རིམ་པ་ལྔ་ནི། ༡རྒྱལ་སྤྲུལ (བླ་མ་སྤྲུལ་སྐུའི་ནང་ནས་བོད་ཀྱི་རྒྱལ་པོ་གནང་མྱོང་བའི་སྤྲུལ་སྐུ) ༢ ཧོ་ཐོག་ཐུ (རྒྱལ་པོའི་སྤྲུལ་སྐུ་མིན་ཀྱང་མན་ཆིང་གོང་མའི་སྲིད་གཞུང་དང་། ཏཱ་ལའི་བླ་མ། པཎ་ཆེན་གསུམ་གང་རིགས་ནས་ཧོ་ཐོག་ཐུའི་གོ་གནས་སྦྱིན་པའི་བླ་མའི་སྤྲུལ་སྐུ) ༣ ཚོགས་ཆེན་སྤྲུལ་སྐུ། (ཧོ་ཐོག་ཐུའི་འོག་གི་སྤྲུལ་སྐུ་གོ་གནས་མཐོ་བ་ཚོགས་ཆེན་འདུ་ཁང་ནང་ཁྲི་མཐོན་པོ་ཐོབ་པ) ༤ ཁྲི་སྤྲུལ་ (དགའ་ལྡན་ཁྲི་པའི་སྤྲུལ་སྐུ) ༥ མཁན་སྤྲུལ་ (སེ་འབྲས་དགེ་གསུམ་དགོན་པ་ཁག་གི་མཁན་པོའི་སྤྲུལ་སྐུ་རྣམས་ཏེ་གྲྭ་ཚང་སྤྲུལ་སྐུ)
- language:
- Tibetan