- sprul sku sle'u chung ba
- ID:
- T236492
- སྤྲུལ་སྐུ་སླེའུ་ཆུང་བ (Tibetan, Tibetan script, Original)
- > sprul sku sle'u chung ba (Tibetan, Latin script, Transliteration-THL Extended Wylie Transliteration)
- > tulku lé'u chungwa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དུས་རབས་བཅུ་བཞི་པའི་ནང་དུ་བྱུང་བའི་བྲིས་འབུར་གཉིས་ལ་མངའ་བརྙེས་པའི་ལྷ་བཟོ་མཁས་ཅན་ཞིག་ཡིན། ཁོང་གི་བརྩམ་བྱར་མཚོན་ན་རྗེ་ཙོང་ཁ་པ་ཆེན་པོས་དགའ་ལྡན་ཡངས་པ་ཅན་གསར་བཞེངས་ཐོག་རྟེན་གྱི་གཙོ་བོ་ཐུབ་པ་ཚུལ་ཁྲིམས་མ་དང་། གསང་བ་འདུས་པའི་བློས་བསླངས་དཀྱིལ་འཁོར། བདེ་མཆོག་གི་བློས་བསླངས་དཀྱིལ་འཁོར་སོགས་ཟངས་ལིའི་སྐུ་བརྙན་བྱོན་གཙང་ཅན་མང་པོ་བཞེངས་ཡོད། དུས་མཚུངས་དགའ་ལྡན་ཡངས་པ་ཅན་གྱི་ལྡེབས་རིས་རྣམས་ཀྱང་ཁོང་གིས་སྐྱ་རིས་མཛད་པ་ཡིན། རིག་གསར་གྱི་རྐྱེན་ལས་ད་ལྟ་མཇལ་རྒྱུ་མེད།
- language:
- Tibetan