- sprul sku bsod nams ye shes dbang po
- ID:
- T236493
- སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོ (Tibetan, Tibetan script, Original)
- > sprul sku bsod nams ye shes dbang po (Tibetan, Latin script, Transliteration-THL Extended Wylie Transliteration)
- > tulku sönam yeshe wangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོ་ནི་པཎ་ཆེན་བསོད་གྲགས་ཀྱི་སྤྲུལ་སྐུ་ཡིན་ཞིང་། སྟོད་ལུང་ལམ་པའི་ཉེ་འཁོར་དུ་རབ་བྱུང་དགུ་པའི་མེ་འབྲུག (༡༥༥༦) ལོ་སྐུ་འཁྲུངས། དགུང་ལོ་བཞི་ལ་འབྲས་སྤུངས་སུ་སྤྱན་དྲངས། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པར་གཙུག་ཕུད་ཕུལ་ནས་བསོད་ནམས་ཡེ་ཤེས་དབང་པོ་ཞེས་མཚན་གནང་། དགའ་ལྡན་ཁྲི་ཟུར་བདེ་བ་ཅན་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་སོ་སོ་ནས་དགེ་ཚུལ་སློང་གི་སྡོམ་པ་བཞེས། ཡོངས་འཛིན་དམ་ཆོས་དཔལ་འབར་བསྟེན་ནས་གཞུང་ལུགས་ལ་མཁས་པར་སྦྱངས། དགུང་ལོ་ཉེར་གཉིས་ལ་སོན་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པའི་ཕྱག་ཕྱིར་སོག་ཡུལ་དུ་བྱོན། ཨལ་ཐན་རྒྱལ་པོས་མེ་ཏྲེ་པ་ཞེས་གཟེངས་བསྟོད་ཕུལ། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པའི་བཀའ་བཞིན་ཆབ་མདོའི་ཁ་མཆུ་བསྡུམས་པ་དང་། ལི་ཐང་གི་ཆོས་སྡེ་དང་། ཐུབ་ཆེན་གྱི་སྐུ་བཞེངས་པའི་ཐུགས་འཁུར་བཞེས། དབུས་སུ་བྱོན་རྗེས་ཆོས་སྡེ་ཆེན་པོ་སྐྱོར་མོ་ལུང་གི་ཁྲིར་ཕེབས་ཏེ་ཆོས་འཁོར་མང་དུ་བསྐོར་ཞིང་བསྟན་བཅོས་ཀྱང་མང་དུ་བརྩམས། ཆབ་མདོའི་བླ་མར་གདན་འདྲེན་བྱུང་ཡང་དགུང་ལོ་སོ་བདུན་པ་རབ་བྱུང་བཅུ་པའི་ཆུ་འབྲུག་ (༡༦༩༡) ལོ་འོལ་ཁར་སྐུ་གཤེགས།
- language:
- Tibetan