- spre tshang dgon
- ID:
- T236500
- སྤྲེ་ཚང་དགོན (Tibetan, Tibetan script, Original)
- > spre tshang dgon (Tibetan, Latin script, Transliteration-THL Extended Wylie Transliteration)
- > tré tsang gön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
དཔལ་སྐྱིད་ཀླུ་རྩེའི་གསས་ཁང་ཚང་དང་དཔལ་སྐྱིད་སྤྲེ་ཚང་དགོན་ཞེས་ཀྱང་གྲགས། རབ་བྱུང་བཅུ་གཅིག་པ་ཡས་མས་སྤྱི་ལོ་ (༡༦༢༠) ཡས་མས་སུ་བླ་མ་བསྟན་པ་འབྲུག་གྲགས་ནས་འདུ་ཁང་དང་ནང་བརྟེན་གསར་བཞེངས་བྱས་ཏེ་དགོན་པ་བཏབ། བར་དུ་ཇོ་མོ་མང་པས་ཇོ་དགོན་དུ་བསྒྱུར། དེ་རྗེས་ཇོ་མོ་རྣམས་དགོན་གནས་གཞན་དུ་སྤོས། ཤུལ་དུ་རི་ཁྲོད་པ་དར་བ་སོགས་ཀྱི་འགྱུར་བ་མང་ཙམ་བྱུང་ལ་དམངས་གཙོའི་བཅོས་སྒྱུར་བར་བཞུགས། སྔོན་བོན་པོའི་གྲུབ་མཐའ་དང་ཕྱིས་སུ་རྙིང་མ་དར་ལ་རྙིང་ཆོས་དང་བོན་གཉིས་ཟུང་འབྲེལ་མཛད་ནས་ཉམས་ལེན་བྱེད་སྲོལ་ཡོད་པར་བཤད། གྲུབ་མཐའ་བོན་པོ་ཡིན། ད་ལྟ་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཁོངས་སུ་ཡོད།
- language:
- Tibetan