Skip to main content Skip to search
spros med mi rtog ngang la sdod
ID:
T236521
  • སྤྲོས་མེད་མི་རྟོག་ངང་ལ་སྡོད (Tibetan, Tibetan script, Original)
    • > spros med mi rtog ngang la sdod (Tibetan, Latin script, Transliteration-THL Extended Wylie Transliteration)
    • > trömé mi tok ngang la dö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. dung dkar bod rig pa'i tshig mdzod chen mo

སེམས་དེ་ཡུལ་གཞན་ལ་སྤྲོས་པ་མེད་པ་སྟེ། མ་ཡེངས་པའི་སྒོ་ནས་རྟོག་མེད་དུ་འཇོག་པའམ་རྣམ་རྟོག་བཟང་ངན་གང་གིས་ཀྱང་དབང་དུ་མི་གཏོང་བར་སེམས་རྣམ་པར་མི་རྟོག་པའི་ངང་ལ་རྩེ་གཅིག་ཏུ་ཞོག་ཅིག་ཅེས་པའོ། བཀའ་བརྒྱད་པས་སེམས་ལ་དམིགས་ནས་ཏིང་ངེ་འཛིན་བསྒོམ་པའི་སྐབས་རྣམ་རྟོག་བཟང་ངན་གང་གི་དབང་དུ་ཡང་མི་གཏོང་བར་སེམས་རྟོག་མེད་དུ་འཇོག་པ་ཏིང་ངེ་འཛིན་དང་པོར་བསྒོམ་པའི་སྐབས་དང། རྣམ་རྟོག་གང་སྐྱེས་པ་དེ་ཉིད་ལ་སྤང་བླངས་མ་བྱས་པར་རང་བབས་སུ་ཡལ་བཅུག་པ་ཏིང་ངེ་འཛིན་ལ་གོམས་འདྲིས་ཅུང་ཟད་བྱུང་བ་ན་དེ་ལྟར་བྱེད་པ་ཡིན་ཟེར།

language:
Tibetan

2. Thupten Phuntsok Dictionary

སེམས་དེ་ཡུལ་གཞན་ལ་སྤྲོས་པ་མེད་པ་སྟེ། མ་ཡེངས་པའི་སྒོ་ནས་རྟོག་མེད་དུ་འཇོག་པའམ་རྣམ་རྟོག་བཟང་ངན་གང་གིས་ཀྱང་དབང་དུ་མི་གཏོང་བར་སེམས་རྣམ་པར་མི་རྟོག་པའི་ངང་ལ་རྩེ་གཅིག་ཏུ་ཞོག་ཅིག་ཅེས་པའོ། །བཀའ་བརྒྱུད་པས་སེམས་ལ་དམིགས་ནས་ཏིང་ངེ་འཛིན་བསྒོམ་པའི་སྐབས་རྣམ་རྟོག་བཟང་ངན་གང་གི་དབང་དུ་ཡང་མི་གཏོང་བར་སེམས་རྟོག་མེད་དུ་འཇོག་པ་ཏིང་ངེ་འཛིན་དང་པོར་བསྒོམ་པའི་སྐབས་དང་། རྣམ་རྟོག་གང་སྐྱེས་པ་དེ་ཉིད་ལ་སྤང་བླངས་མ་བྱས་པར་རང་བབས་སུ་ཡལ་བཅུག་པ་ཏིང་ངེ་འཛིན་ལ་གོམས་འདྲིས་ཅུང་ཟད་བྱུང་བ་ན་དེ་ལྟར་བྱེད་པ་ཡིན་ཟེར།

language:
Tibetan