Skip to main content Skip to search
pha bang kha
ID:
T236531
  • ཕ་བང་ཁ (Tibetan, Tibetan script, Original)
    • > pha bang kha (Tibetan, Latin script, Transliteration-THL Extended Wylie Transliteration)
    • > pa bang kha (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

མིང་གཞན་སྐུ་མཁར་མ་རུ་ཟེར། ཐུ་མི་སམྦྷོ་ཊ་རྒྱ་གར་ནས་ཕྱིར་བོད་དུ་ཕྱི་འབྲེལ་སྲིད་ཇུས་པ་དང་གནས་འདིར་བཞུགས་ཞིང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་བོད་ཡིག་བསླབས་པའི་གནས་ཡིན། སྐབས་དེའི་དུས་ནས་སྐུ་མཁར་མ་རུ་ཞེས་པ་ཐུ་མིའི་བཞུགས་གནས་ཞིག་བཞེངས་ཡོད་པར་གསལ། དེ་རྗེས་དགེ་བཤེས་པོ་ཏོ་བའི་སློབ་མ་དགེ་བཤེས་བྲག་དཀར་བ་ཞུ་བ་དེས་དགེ་འདུན་གྱི་སྡེ་བཙུགས་ཏེ་བཀའ་གདམས་པའི་ཆོས་བརྒྱུད་སྤེལ། དུས་ཕྱིས་དགེ་ལུགས་པའི་དགེ་བཤེས་བདེ་ཆེན་སྙིང་པོ་གནས་དེར་བཞུགས་པས་དགེ་བཤེས་ཀྱི་མིང་ལའང་ཕ་བོང་ཁ་ཞེས་འབོད་སྲོལ་བྱུང་། ད་ལྟ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་ཡོད།

language:
Tibetan