- pha wa de se
- ID:
- T236541
- ཕ་ཝ་དེ་སེ (Tibetan, Tibetan script, Original)
- > pha wa de se (Tibetan, Latin script, Transliteration-THL Extended Wylie Transliteration)
- > pa wa dé sé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
ཡབ་སྨད་ཀྱི་ལྡེ་གསུམ་གྱི་ཡ་གྱལ་འོད་ལྡེ་ལ་སྲས་བཞི་བྱུང་བའི་བགྲེས་པ། འདི་དང་གཅུང་ཁྲི་ཆུང་གཉིས་ཀྱིས་སྔར་ཡུམ་བརྟན་རྒྱུད་ལ་ཤོར་བའི་ནོར་སྣ་ཁྱད་པར་ཅན་དགུ་ཞེས་པ་སྟེ། ཕས་ཕོག་པའི་གསེར་ཁྲི་ཆུ་དར་ཅན། གུད་པ་བང་སོ་ཅན། གསེར་སྐུ་ཆུ་རིས་ཅན་གསུམ་དང། མས་ཕོག་པའི་ཟངས་ལྟེ་བ་ཅན། དངུལ་སྐྱོགས་ཤ་བ་ཅན། མེ་ཏོར་ཏི་ལིག་ཅན་གསུམ། སྤུན་ཟླས་ཕོག་པའི་མཚོན་བཤན་ཐུང་སྟེ་མིག་ཅན། སྲིང་མོས་རྟགས་ཕོག་པའི་མཆུར་གཡུ་འཆང་བ་ཅན། བེར་དམར་ཀེ་ཚེ་བྱི་སྐེད་ཅན་བཅས་ཅན་དགུ་ཚུར་བླངས་ནས་ཕ་ཝ་དེ་སེར་དངུལ་གཞོང་ཕོར་ཁ་ཅན(ལ་ལས་དངུལ་སྐྱོགས་ཤ་བ་ཅན་དུ་བཞེད)ཐོབ་སྟེ་གཙང་དུ་ཕྱིར་ཕེབས། ཕ་ཝ་དེ་སེའི་རྒྱུད་པས་སྣུབས་ཡུལ་རོང་དང། གཡག་སྡེ། ཉང་སྟོད། སྟག་ཚལ་བཅས་ཀྱི་ཡུལ་རྣམས་ལ་མངའ་མཛད་དོ། །
- language:
- Tibetan
2. Thupten Phuntsok Dictionary
ཡབ་སྨད་ཀྱི་ལྡེ་གསུམ་གྱི་ཡ་གྱལ་འོད་ལྡེ་ལ་སྲས་བཞི་བྱུང་བའི་བགྲེས་པ། འདི་དང་གཅུང་ཁྲི་ཆུང་གཉིས་ཀྱིས་སྔར་ཡུམ་བརྟན་རྒྱུད་ལ་ཤོར་བའི་ནོར་སྣ་ཁྱད་པར་ཅན་དགུ་ཞེས་པ་སྟེ། ཕས་ཕོག་པའི་གསེར་ཁྲི་ཆུ་དར་ཅན། གུད་པ་བང་སོ་ཅན། གསེར་སྐུ་ཆུ་རིས་ཅན་གསུམ་དང་། མས་ཕོག་པའི་ཟངས་ལྟེ་བ་ཅན། དངུལ་སྐྱོགས་ཤ་བ་ཅན། མེ་ཏོར་ཏི་ལིག་ཅན་གསུམ། སྤུན་ཟླས་ཕོག་པའི་མཚོན་བཤན་ཐུང་སྟེ་མིག་ཅན། བེར་དམར་ཀེ་ཚེ་བྱི་སྐེད་ཅན་བཅས་ཅན་དགུ་ཚུར་བླངས་ནས་ཕ་ཝ་དེ་སེར་དངུལ་གཞོང་ཕོར་ཁ་ཅན (ལ་ལས་དངུལ་སྐྱོགས་ཤ་བ་ཅན་དུ་བཞེད) ཐོབ་སྟེ་གཙང་དུ་ཕྱིར་ཕེབས། ཕ་ཝ་དེ་སེའི་རྒྱུད་པས་སྣུབས་ཡུལ་རོང་དང་། གཡག་སྟེ། ཉང་སྟོད། སྟག་ཚལ་བཅས་ཀྱི་ཡུལ་རྣམས་ལ་མངའ་མཛད་དོ། །
- language:
- Tibetan