- phag gi gnas skabs
- ID:
- T236554
- ཕག་གི་གནས་སྐབས (Tibetan, Tibetan script, Original)
- > phag gi gnas skabs (Tibetan, Latin script, Transliteration-THL Extended Wylie Transliteration)
- > pak gi nekab (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
མངལ་དུ་ལུས་ཆགས་ནས་ཞག་བདུན་ཕྲག་སོ་ལྔའི་དུས་མངལ་གནས་ལུས་ཅན་གྱི་དབང་པོ་རྣམས་གསལ་ཞིང་སྐྲ་དང་བ་སྤུ་སོགས་སྐྱེས་ནས་མའི་ཤ་མའི་བཅུད་འཇིབ་པའི་དུས་མཚོན་བྱེད་ཕག་གི་གཟུགས་ཀྱི་མཚན་ཉིད་ལྟ་བུའི་སྐབས་ལ་ཟེར་ཏེ། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཟབ་མོ་ནང་གི་དོན་ལས། ཟླ་བ་གསུམ་པར་གྱེན་རྒྱུ་ཡིས། རླུང་གིས་སྟོད་རྣམས་སྒྲུབ་པར་བྱེད། བཞི་པར་ཁྱབ་བྱེད་རླུང་གིས་ནི། ཡན་ལག་རྩ་རྣམས་སྣང་བར་བྱེད། ལྔ་པར་མཉམ་གནས་རླུང་འཕྲོས་ནས། ནང་གི་གནས་གཞན་སྒྲུབ་པར་བྱེད། ཕག་རྒོད་སེང་གེའི་གནས་སྐབས་ཡིན། ཞེས་དང་། དགུ་པ་ནས་ནི་མི་གཙང་ཟ། དེ་ནས་སྙིགས་མའི་ཁམས་འབྱུང་ངོ་། །ཞེས་དང་། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། བདུན་ཕྲག་སུམ་ཅུ་ཐམ་པ་ན། ཤ་མའི་ལྟོ་འབྱུང་ཟས་ཀྱི་རླུང་། ཞེས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། དེ་ལྟར་བཤད་པའི་སྐབས་འདི་ཉིད་ལ་མངལ་དུ་གནས་པའི་ལུས་ཀྱི་དབང་པོ་རྣམས་རིམ་པར་དོད་ནས་མི་གཙང་བའི་རོ་ཟ་བའི་དབང་གིས་ཕག་གི་གནས་སྐབས་སུ་གསུངས་པ་ཡིན་ནོ། །
- language:
- Tibetan