- phag mo dgon pa'i dong lam
- ID:
- T236573
- ཕག་མོ་དགོན་པའི་དོང་ལམ (Tibetan, Tibetan script, Original)
- > phag mo dgon pa'i dong lam (Tibetan, Latin script, Transliteration-THL Extended Wylie Transliteration)
- > pakmo gönpé dong lam (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. dung dkar bod rig pa'i tshig mdzod chen mo
(སྟག་རྩེ་རྫོང་ཁོངས)སྤྱི་ལོའི་དུས་རབས་བཅོ་ལྔའི་ནང་ཆགས་པའི་ཕག་མོ་དགོན་པ་ནི་རི་ལྡེབས་སུ་ཡོད་ཅིང་། དེ་སྔོན་དེ་གར་དོང་ལམ་ཞིག་ཡོད་སྐད་ཀྱང་དངོས་སུ་བསྐྱོད་མྱོང་མཁན་མེད། བོད་རབ་བྱུང་བཅུ་དྲུག་པའི་ས་བྱ༡༩༦༩ལོའི་ཡས་མས་སུ་ཞིང་ལས་ཏ་ཀྲེར་སློབ་སྦྱོང་བྱེད་པའི་ནང་ཆུ་ཡུར་བཟོ་སྐབས་རི་གཤམ་གྱི་ཕག་མོ་ཞོལ་གྲོང་ཚོའི་ཉེ་འགྲམ་གྱི་ཁྲོན་པ་ཞིག་ཡོད་པའི་འགྲམ་ནས་དགོན་པའི་བར་དོང་ལམ་རྡོ་སྐས་ཅན་ཞིག་དོན་འདུག་ཀྱང་སྐབས་དེར་གནའ་ཤུལ་དལ་དོ་སྣང་བྱེད་མཁན་མ་བྱུང་སྟབས་ཆུ་ཡུར་གྱི་འོག་ཏུ་བསུབ་སྐད་འདུག
- language:
- Tibetan
2. Thupten Phuntsok Dictionary
(སྟག་རྩེ་རྫོང་ཁོངས) སྤྱི་ལོའི་དུས་རབས་བཅོ་ལྔའི་ནང་ཆགས་པའི་ཕག་མོ་དགོན་པ་ནི་རི་ལྡེབས་སུ་ཡོད་ཅིང་། དེ་སྔོན་དེ་གར་དོང་ལམ་ཞིག་ཡོད་སྐད་ཀྱང་དངོས་སུ་བསྐྱོད་མྱོང་མཁན་མེད། བོད་རབ་བྱུང་བཅུ་དྲུག་པའི་ས་བྱ (༡༩༦༩) ལོའི་ཡས་མས་སུ་ཞིང་ལས་ཏ་ཀྲེར་སློབ་སྦྱོང་བྱེད་པའི་ནང་ཆུ་ཡུར་བཟོ་སྐབས་རི་གཤམ་གྱི་ཕག་མོ་ཞོལ་གྲོང་ཚོའི་ཉེ་འགྲམ་གྱི་ཁྲོན་པ་ཞིག་ཡོད་པའི་འགྲམ་ནས་དགོན་པའི་བར་དོང་ལམ་རྡོ་སྐས་ཅན་ཞིག་དོན་འདུག་ཀྱང་སྐབས་དེར་གནའ་ཤུལ་ལ་དོ་སྣང་བྱེད་མཁན་མ་བྱུང་སྐབས་ཆུ་ཡུར་གྱི་འོག་ཏུ་བསུབ་སྐད་འདུག
- language:
- Tibetan